ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་མི་འགྱངས་བར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་དྲུག་པར་ཞུགས་ནས་པ་པུའུ་ཡ་ཀུའེ་ནེ་ཡ་གསར་བ་དང་ཝུན་ལེ། ཧྥེ་ལེ་པེན་བཅས་ལ་ཆེད་དུ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པར་མ་ཟད། པ་

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལུའུ་ཁང་གིས་ཚེས་བཅུ་གཉིས་ཉིན་ཁྱབ་བསྒྲགས་བྱས་དོན། པ་པུའུ་ཡ་ཀུའེ་ནེ་ཡ་གསར་བ་རང་བཙན་རྒྱལ་ཁབ་ཀྱི་ཙུང་ཏུའུ་ཏ་ཏ་ཨེ་དང་ཙུང་ལི་ཨོ་ཉི་ཨར། ཝུན་ལེ་ཏ་ལུའུ་ས་ལན་རྒྱལ་ཁབ་ཀྱི་སུའུ་ཏན་ཧཱ་སང་ནཱ་ཨར། ཧྥེ་ལེ་པེན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་བཅས་ཀྱིས་གདན་དྲངས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་གོང་གི་རྒྱལ་ཁབ་གསུམ་ལ་ཆེད་དུ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པར་མ་ཟད། པ་པུའུ་ཡ་ཀུའེ་ནེ་ཡ་གསར་བ་ནས་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གྲོས་མོལ་ལ་ཞུགས་རྒྱུ་རེད། དེའི་སྐབས་སུ་པ་པུའུ་ཡ་ཀུའེ་ནེ་ཡ་གསར་བ་རང་བཙན་རྒྱལ་ཁབ་ཀྱི་ཙུང་ལི་ཨོ་ཉི་ཨར་གྱིས་གདན་དྲངས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན་ནས་ཚེས་བཅོ་བརྒྱད་ཉིན་པ་པུའུ་ཡ་ཀུའེ་ནེ་ཡ་གསར་བའི་མའོ་ཨར་ཚི་པུསཀང་ནས་བསྡུ་རྒྱུ་ཡིན་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་དྲུག་པར་ཞུགས་རྒྱུ་རེད་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།