ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་མེ་འགོག་མེ་གསོད་རོགས་སྐྱོབ་རུ་ཁག་ལ་དར་ཆ་གནང་སྟེ་བསླབ་བྱ་གནང་བར་རྒྱལ་ཡོངས་ཀྱི་མེ་འགོག་མེ་འགོག་རོགས་སྐྱོབ་རུ་ཁག་ཁྲོད་དུ་ཤུགས་རྐྱེན་ཆེན་པོ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མེ་འགོག་མེ་གསོད་རོགས་སྐྱོབ་རུ་ཁག་ནི་ཏང་དང་མི་དམངས་ཀྱི་བདེ་འཇགས་སྲུང་དམག་ཡིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་དགུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་མེ་འགོག་མེ་གསོད་རོགས་སྐྱོབ་རུ་ཁག་ལ་དར་ཆ་གནང་བ་བར་མ་ཟད་ཁ་ཏ་བསླབ་བྱ་གནང་བར་རྒྱལ་ཡོངས་ཀྱི་མེ་འགོག་མེ་འགོག་རོགས་སྐྱོབ་རུ་ཁག་ཁྲོད་དུ་ཤུགས་རྐྱེན་ཆེན་པོ་ཐེབས། རྒྱ་ཆེའི་མེ་འགོག་མེ་གསོད་རོགས་སྐྱོབ་མི་སྣས་བཤད་རྒྱུར། དར་ཆས་མཛུབ་ཁྲིད་བྱེད་པ་དང་བསླབ་བྱ་དང་ལེན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསླབ་བྱའི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། རང་འགུལ་སྒོས་བྱ་སྤྱོད་སྤེལ་ཞིང་སྤོབས་པ་ཆེན་པོས་ཁག་ཁུར་བྱེད་པ་དང་འགན་འཁྲི་ལག་བསྟར་ནན་མོ་བྱེད་པར་མ་ཟད་ནམ་ཡང་ཏང་དང་མི་དམངས་ལ་བློ་དཀར་བའི་སྲུང་དམག་བྱེད་ངེས་ཡིན་ཟེར།

རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་མེ་འགོག་མེ་གསོད་རོགས་སྐྱོབ་རུ་ཁག་བཙུགས་པ་ནི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་དང་མཐུན་པའི་འཐབ་ཇུས་ཇུས་ཆོད་ཡིན་པ་དང་། རང་རྒྱལ་གྱི་མེ་འགོག་མེ་གསོད་རོགས་སྐྱོབ་ནུས་པ་ཇེ་ཆེར་གཏོང་བ་དང་སྤྱི་ཚོགས་སྤྱི་ཐུན་བདེ་འཇགས་སྲུང་སྐྱོབ་བྱེད་པ། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་སྲུང་སྐྱོབ་བྱེད་པར་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་ཏ་བསླབ་བྱ་ལས་ལོ་རྒྱུས་དང་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོར་དམིགས་པ་དང་། ཆབ་སྲིད་དང་ཁྱོན་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ནས་བླངས་ཏེ། རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་མེ་འགོག་མེ་གསོད་རོགས་སྐྱོབ་རུ་ཁག་གི་འཐབ་ཇུས་གཏན་གནས་དང་འགན་འཁྲིའི་ལས་འགན་གཏན་འཁེལ་གསལ་བོ་བྱས་པ་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོར་བསྟན་ཡོད།

ཚང་མས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་དར་ཆ་གནང་བ་དང་ཁ་ཏ་བསླབ་བྱ་གནང་བ་ནི་མེ་འགོག་མེ་གསོད་རོགས་སྐྱོབ་རུ་ཁག་གི་བཅོས་སྒྱུར་འཕེལ་རྒྱས་ལོ་རྒྱུས་སྟེང་གི་ལོ་རྒྱུས་དུས་སྐབས་གལ་ཆེན་ཞིག་ཡིན་པ་དང་དུས་རབས་གསར་བར་མེ་གསོད་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པའི་སྐུལ་སློང་བཀའ་ཁྱབ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།