ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་པེ་ཅིན་ནས་རྟོག་ཞིབ་མཛད་པར་མ་ཟད་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཞིབ་མཆན་ལམ་ལུགས་བཅོས་སྒྱུར་ཚོད་ལྟ་བྱ་བའི་སྐུལ་སྤེལ་ཚོགས་འདུར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20181110103059zQnD.jpg

ཟླ11པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་ནས་རྟོག་ཞིབ་མཛད་པར་མ་ཟད་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཞིབ་མཆན་ལམ་ལུགས་བཅོས་སྒྱུར་ཚོད་ལྟ་བྱ་བའི་སྐུལ་སྤེལ་ཚོགས་འདུར་ཞུགས། འདི་ནི་ཧན་ཀྲིན་གྱིས་པེ་ཅིན་གྲོང་ཁྱེར་འཆར་འགོད་དང་རང་བྱུང་ཐོན་ཁུངས་ཨུ་ཡོན་ལྷན་ཁང་ནས་ལུགས་མང་གཅིག་གྱུར་ཞེས་པའི་ཆ་འཕྲིན་མ་ལག་འཛུགས་སྐྲུན་དང་གཞི་གྲངས་འདོན་སྤྲོད་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་མཛད་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཚེས་བརྒྱད་ཉིན་པེ་ཅིན་ནས་རྟོག་ཞིབ་མཛད་པར་མ་ཟད་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཞིབ་མཆན་ལམ་ལུགས་བཅོས་སྒྱུར་ཚོད་ལྟ་བྱ་བའི་སྐུལ་སྤེལ་ཚོགས་འདུར་ཞུགས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་དངོས་འབེབས་ནན་མོ་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་དང་ཚོད་ལྟ་ས་ཁུལ་གྱིས་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་ལ། གནས་པའི་གནད་དོན་གལ་ཆེན་ལ་ཞིབ་འཇུག་ཐག་གཅོད་བྱས་པ་དང་། འབྲེལ་ཡོད་བྱ་བར་བཀོད་སྒྲིག་སྔར་ལས་བཟང་པོ་བྱས།

ཧན་ཀྲིན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚོང་གཉེར་ཁོར་ཡུག་གི་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་གནང་བཞིན་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་ལ་བླང་བྱ་གསལ་པོ་བཏོན་ཡོད། བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཞིབ་མཆན་ལམ་ལུགས་ཀྱི་བཅོས་སྒྱུར་ནི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་གྱི་ཕྱོགས་གལ་ཆེན་ཞིག་ཡིན་ལ། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་མཉམ་དུ་འབད་བརྩོན་བྱས་པར་བརྟེན། བཅོས་སྒྱུར་ཚོད་ལྟའི་བྱ་བ་བདེ་བླག་ངང་སྤེལ་ནས། འཕེལ་རིམ་བཟང་པོ་བླངས་ཡོད། རྗེས་མར་བཅོས་སྒྱུར་གྱི་གཏན་ཁེལ་དམིགས་འབེན་ལྟར། གནད་དོན་གལ་ཆེན་དང་གནད་འགག་གི་གོ་རིམ་ལ་དམ་དུ་དམིགས་པ་དང་། བཅོས་སྒྱུར་གྱི་བྱེད་ཐབས་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། བཅོས་སྒྱུར་ཚོད་ལྟའི་ལས་འགན་སྤུས་ཚད་མཐོན་པོས་ཡོངས་འགྲུབ་བྱེད་དགོས་ཟེར།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། འཆར་འགོད་སྣ་ཚོགས་དཔེ་རིས་གཅིག་ཏུ་གྲུབ་པར་མྱུར་མོར་གཅིག་འདོམས་གཅིག་སྡུད་བྱེད་པ་དང་། ལུགས་མང་གཅིག་གྱུར་གྱི་ལས་སྒོ་མཐུན་སྦྱོར་སྟེགས་བུ་འཐུས་ཚང་དུ་བཙུགས་ནས། བཟོ་སྐྲུན་འཛུགས་ལས་གཞི་དེ་དཔེ་རིས་གཅིག་གི་སྟེང་ནས་འགྲུབ་པ་དང་དཔེ་རིས་གཅིག་གི་རྨང་གཞིའི་སྟེང་དུ་ཞིབ་མཆན་འགོད་པ་མངོན་འགྱུར་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།