ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་དཔལ་འབྱོར་གནས་བབ་ཕྱོགས་ཀྱི་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་བསྡུས།

20181109092700jsPp.jpg

ཟླ11པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་དཔལ་འབྱོར་གནས་བབ་ཕྱོགས་ཀྱི་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་དང་སང་ལོའི་འཕེལ་རྒྱས་ལ་འཆར་འགོད་བྱེད་པའི་སྐོར་གྱི་བསམ་འཆར་དང་གྲོས་གཞི་ལ་ཉན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་དཔལ་འབྱོར་གནས་བབ་ཕྱོགས་ཀྱི་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་དང་སང་ལོའི་འཕེལ་རྒྱས་ལ་འཆར་འགོད་བྱེད་པའི་སྐོར་གྱི་བསམ་འཆར་དང་གྲོས་གཞི་ལ་ཉན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་བཞུགས་མོལ་ཚོགས་འདུར་བཞུགས།

ཚོགས་ཐོག་ཏུ་ཧོང་ཡེ་ཕེན་དང་ཧི་ཏི་ཞུའུ། ཝེ་ཧྲང་ཅིན་སོགས་ཆེད་མཁས་པ་དང་ཀྲེ་ཅང་རོང་ཧྲིན་སྡེ་ཚོགས་དང་ཙིས་ཀོང་སྡེ་ཚོགས་སོགས་ཁེ་ལས་ཀྱི་འགན་འཁུར་བས་དཔལ་འབྱོར་འཁོར་སྐྱོད་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས། ལག་རྩལ་གསར་སྐྲུན། ལས་ཞུགས་གནས་བབ་སོགས་ཐད་ནས་གཏམ་བཤད། ལིས་ཁི་ཆང་གིས་ཚང་མའི་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར། ད་ལོར། རྒྱལ་ཡོངས་ཀྱི་གོང་འོག་ཀུན་ཏུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག འཕར་སྣོན་བརྟན་འཇགས་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། སྒྲིག་གཞི་ལེགས་སྒྲིག དམངས་ཚིས་ལེགས་བཅོས། ཉེན་ཁ་སྔོན་འགོག་བཅས་ཀྱི་ཐད་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ཤིང་། ཧུར་ཐག་སྒོས་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་ཐོབ་དཀའ་བའི་གྲུབ་འབྲས་བླངས། ཡིན་ནའང་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་དབང་གིས་དཔལ་འབྱོར་འཁོར་སྐྱོད་ཐད་ལ་གནོན་ཤུགས་བཟོས་པ་དང་ཁེ་ལས་ཀྱི་དཀའ་ཁག་ཇེ་མང་དུ་སོང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཕྱོགས་སོ་སོའི་བརྩོན་སེམས་སྐུལ་ཞིང་སང་ལོའི་འཕེལ་རྒྱས་ཐད་ལ་འཆར་འགོད་ཞིབ་མོ་བྱས་ནས། དཔལ་འབྱོར་བརྟན་བརླིང་སྒོས་འཁོར་སྐྱོད་བྱེད་པ་དེ་འོས་འཚམ་གྱི་བར་གནས་དང་སྤུས་ལེགས་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་བྱེད་དགོས་ཟེར།


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།