ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ལི་ཐའོ་ཝན་གྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1123667767_15414329706451n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧེ་ནས་ལི་ཐའོ་ཝན་གྱི་ཙུང་ཐུང་ཀི་ལེ་པའོ་སི་ཁའེ་ཐི་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ལྔ་ཉིན་ཧྲང་ཧེ་ནས་ལི་ཐའོ་ཝན་གྱི་ཙུང་ཐུང་ཀི་ལེ་པའོ་སི་ཁའེ་ཐི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ལི་ཐའོ་ཝན་ནི་པོ་ལོ་ཏེ་རྒྱ་མཚོའི་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཡིན་ལ། ཀྲུང་གོའི་ཡོ་རོབ་གླིང་དབུས་ཤར་ས་ཁུལ་གྱི་མཉམ་ལས་གྲོགས་པོ་ཡང་ཡིན། ཀྲུང་གོས་ཀྲུང་གོ་དང་ལི་ཐའོ་ཝན་གྱི་འབྲེལ་བ་གོང་འཕེལ་དུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་བརྩི་བཀུར་བྱེད་པ་དང་ཡིད་ཆེས་ཇེ་ཟབ་ཏུ་བཏང་ནས། ཕ་རོལ་བའི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་བཀུར་དང་གཟིགས་སྐྱོང་བྱེད་དགོས་པ་དང་། དུས་ནམ་ཡང་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ངོས་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་དེ་ཐག་གཅོད་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལི་ཐའོ་ཝན་གྱི་ས་བབ་ཁྱད་སྟོབས་མངོན་གསལ་ཡིན་པ་དང་། ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་མཉམ་འདྲེས་མཉམ་འབྲེལ་ཁྲོད་དུ་ནུས་པ་གལ་ཆེན་འདོན་ཐུབ། ཀྲུང་གོས་ལི་ཐའོ་ཝན་བར་གྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་སྤེལ་བ། ལྷག་པར་དུ་གློག་རྡུལ་ཚོང་དོན་དང་དངུལ་རྩའི་ལག་རྩལ། ནུས་ཁུངས་གསར་པ། སྐུད་འོད་དང་ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཆེ་རུ་བསྐྱེད་དགོས། ཀྲུང་གོས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་འདུ་ཚོགས་ཀྱི་སྟེགས་བུ་བཀོལ་སྤྱོད་བཟང་པོ་བྱས་ཏེ། རྒྱལ་ཁབ་རང་གི་ཐོན་རྫས་དྲིལ་སྒྲོག་འོས་སྦྱོར་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་མི་ཆོས་བརྗེ་རེས་རྒྱ་བསྐྱེད་པ་དང་། དམངས་ཁྲོད་འགྲོ་འོང་སྤེལ་བ། ས་གནས་མཉམ་ལས་ལ་ཤུགས་སྣོན་པ། ཕྱོགས་མང་རིང་ལུགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པ། མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པ་བཅས་བྱེད་དགོས། ཀྲུང་གོས་ལི་ཐའོ་ཝན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་ཟབ་སྤེལ་བྱེད་འདོད་ཡོད་ཟེར།

1123667767_15414329706521n.jpg

ཀི་ལེ་པའོ་སི་ཁའེ་ཐི་ཡིས་བསྟན་དོན། ལི་ཐའོ་ཝན་གྱིས་ཀྲུང་གོ་མཆོང་སྐྱོད་རང་བཞིན་གྱིས་འཕེལ་རྒྱས་བྱུང་བར་ཡིད་སྨོན་བྱེད་བཞིན་པ་དང་། ཀྲུང་གོས་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་འདུ་ཚོགས་བསྡུ་བར་གདེང་འཇོག་མཐོན་པོ་བྱེད་བཞིན་ཡོད། ལི་ཐའོ་ཝན་གྱིས་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཡོ་རོབ་གླིང་དང་ཀྲུང་གོའི་དངུལ་གཏོང་ཆོད་དོན་གྲོས་མོལ་དང་། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་གྱི་དངོས་གཉེར་མཉམ་ལས་མྱུར་དུ་སྤེལ་ནས། ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་འཚོང་ལ་མཉམ་དུ་ཡར་སྐུལ་བྱེད་འདོད་ཡོད་ཟེར།

ཏེན་ཞུའེ་ཞང་དང་ལིས་ཆང་། དབྱང་ཅེ་ཁྲི། ཧུའུ་ཁྲུན་ཧྭ། ཝང་དབྱི། ཧི་ལིས་ཧྥེང་སོགས་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།