ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚེ་ལཱ་ཅ་ཏི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

201811070941178LQR.jpg

ཚེས6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚེ་ལཱ་ཅ་ཏི་ལ་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་དྲུག་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚེ་ལཱ་ཅ་ཏི་ལ་མཇལ་འཕྲད་གནང་། 

ལིས་ཁི་ཆང་གིས་བསྟན་དོན། དེང་སྐབས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཐད་ཀྱི་གཏན་འཇགས་མིན་པའི་རྒྱུ་རྐྱེན་ཇེ་མང་ལ་འགྲོ་བཞིན་ཡོད་པ་དང་། སྲུང་སྐྱོབ་རིང་ལུགས་ཀྱི་མགོ་འབུས་བཞིན་པ་སོགས་ཀྱི་རྒྱབ་ལྗོངས་འོག་ཏུ། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་སོགས་བར་ལ་མཐུན་སྦྱོར་དང་གཞོགས་འདེགས་དམ་པོ་བྱས་ཏེ། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་རང་དབང་ཉོ་འཚོང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་པའི་འཕེལ་རིམ་དང་དངུལ་ལོར་ཁྲོམ་ར་གཏན་འཇགས་ཡོང་བའི་ཐད་ལ་ནུས་པ་གང་ཡོད་འདོན་འདོད་ཡོད་ཟེར། 

ལིས་ཁི་ཆང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་འདུ་ཚོགས་སྐབས་དང་པོའི་སྟེང་། ཀྲུང་གོའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆོད་སེམས་དུས་གཏན་དུ་འགྱུར་བ་མེད་པ་ཡང་བསྐྱར་འཛམ་གླིང་ཡོངས་ལ་གསལ་བསྒྲགས་བྱས་པ་རེད། ང་ཚོས་རང་བདག་དང་གོ་རིམ་ལྡན་པའི་སྒོ་ནས་དངུལ་ལོར་ཁྲོམ་རའི་སྒོ་འབྱེད་ཚད་རྒྱ་བསྐྱེད་ནས། དངུལ་ཁང་སོགས་ཁྱབ་ཁོངས་ཀྱི་ཕྱི་དངུལ་མ་རྐང་ཚང་མ་ཚོད་འཛིན་དང་སྒོ་འབྱེད་བྱེད་པ་སྔ་མོ་ནས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོས་མུ་མཐུད་དུ་སྲིད་བསྡུ་དང་དཔྱད་ཁྲལ་ཇེ་ཉུང་། འགྲོ་གྲོན་ཇེ་དམའ་རུ་གཏོང་བའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། དངུལ་ལོར་སྲིད་ཇུས་ཀྱིས་ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་དམངས་གཉེར་ཁེ་ལས་དང་ཁེ་ལས་ཆུང་བ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

ལཱ་ཅ་ཏི་ཡིས་བསྟན་དོན། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་ཀྲུང་གོས་སྔར་ལས་ལྷག་པའི་སྒོ་ནས་སྒོ་འབྱེད་རྒྱ་བསྐྱེད་པ་དང་། རང་དབང་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་པའི་འགྱུར་མེད་ཆོད་སེམས་གསལ་བོར་ཚོར་ཡོད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་དངུལ་ལོར་གཏན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།