ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སར་ཝ་ཏོའི་ཙུང་ཐུང་སང་ཆེ་སི་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སར་ཝ་ཏོའི་ཙུང་ཐུང་སང་ཆེ་སི་དང་གྲོས་མོལ་མཛད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་གཅིག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སར་ཝ་ཏོའི་ཙུང་ཐུང་སང་ཆེ་སི་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་སང་ཆེ་སི་ཀྲུང་གོར་འཚམས་འདྲི་བྱེད་པ་དང་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་འདུ་ཚོགས་སྐབས་དང་པོར་ཞུགས་པར་ཡོང་བར་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ད་ལོའི་ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན། ཀྲུང་གོ་དང་སར་ཝ་ཏོའི་བར་དུ་འབྲེལ་བ་བཙུགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་གསར་པའི་སྒོ་འཕར་ཕྱེས། ཀྲུང་གོ་དང་སར་ཝ་ཏོའི་བར་དུ་འབྲེལ་བ་བཙུགས་ནས་འཕེལ་རྒྱས་སུ་གཏོང་བ་ན། བདག་དབང་རྒྱལ་ཁབ་གཉིས་ཀྱི་རང་བདག་གདམ་གསེས་ཡིན་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་མཐུན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཁྲིམས་དང་མཐུན། ཕྱོགས་གཉིས་ཀྱིས་རྒྱུན་འཁྱོངས་བྱེད་པ་ནི་ཕན་ཚུན་ལ་བརྩི་བཀུར་བྱེད་པ་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། མཉམ་ལས་མཉམ་རྒྱལ། ཐུན་མོང་འཕེལ་རྒྱས་བཅས་ཀྱི་རྩ་དོན་ཡིན། ཀྲུང་གོ་དང་སར་ཝ་ཏོའི་བར་དུ་འབྲེལ་བ་བཙུགས་ནས་ཟླ་གཉིས་མ་གཏོགས་འགོར་མེད་ནའང་། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་འགྲོ་འོང་དང་མཉམ་ལས་མགྱོགས་མྱུར་གྱིས་སྤེལ་ནས། གསོན་ཤུགས་ཆེན་པོ་དང་གནས་བབ་བཟང་པོ་མངོན་ཡོད། ཀྲུང་གོས་སར་ཝ་ཏོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འགྲོ་འོང་མཉམ་ལས་མྱུར་དུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་སར་ཝ་ཏོའི་ཏང་ཁག་སོ་སོ་དང་ཁྲིམས་འཛུགས་ལས་ཁུངས། ས་གནས། སྤྱི་ཚོགས་ཚོགས་པ་བཅས་བར་དུ་འགྲོ་འོང་བྱས་ཏེ། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་ཐད་ཕན་ཚུན་ལ་བརྗེ་རེས་དང་སློབ་སྦྱོང་བྱས་ནས། ཀྲུང་གོ་དང་སར་ཝ་ཏོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཉམ་དུ་འབད་བརྩོན་བྱེད་འདོད་ཡོད་ཟེར།

གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་བདེན་དཔང་བྱས།

གྲོས་མོལ་གྱི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་ནས་སང་ཆེ་སི་ལ་དགའ་བསུའི་མཛད་སྒོ་བསྡུས། དབྱང་ཅེ་ཁྲི་དང་ཝང་ཏུང་མེན། ཝང་དབྱི། ཧི་ལིས་ཧྥེང་། ཧྲའོ་ཧུང་བཅས་མཛད་སྒོར་ཞུགས།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།