ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཞང་ཀང་ས་ཁུལ་གྱི་ཞིང་ཆེན་རིམ་པའི་སྲིད་གྲོས་ཨུ་ཡོན་གྱི་མཛའ་འབྲེལ་ཚོགས་པའི་པེ་ཅིན་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20181031093913yc5B.jpg

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས་སུམ་ཅུའི་ཉིན་པེ་ཅིན་ནས་ཞང་ཀང་ས་ཁུལ་གྱི་ཞིང་ཆེན་རིམ་པའི་སྲིད་གྲོས་ཨུ་ཡོན་གྱི་མཛའ་འབྲེལ་ཚོགས་པའི་པེ་ཅིན་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས་སུམ་ཅུའི་ཉིན་པེ་ཅིན་ནས་ཞང་ཀང་ས་ཁུལ་གྱི་ཞིང་ཆེན་རིམ་པའི་སྲིད་གྲོས་ཨུ་ཡོན་གྱི་མཛའ་འབྲེལ་ཚོགས་པའི་པེ་ཅིན་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་། 

ཝང་དབྱང་གིས་འཚམས་འདྲི་ཚོགས་པ་འཁོར་དང་བཅས་པར་དགའ་བསུ་ཞུས། ཁོང་གིས་གསུང་རྒྱུར། ཞང་ཀང་ས་ཁུལ་གྱི་ཞིང་ཆེན་རིམ་པའི་སྲིད་གྲོས་ཨུ་ཡོན་གྱི་མཛའ་འབྲེལ་ཚོགས་པ་བཙུགས་པའི་ཚུན་ལ། རྒྱལ་ཁབ་ལ་ཞབས་ཞུ་སྒྲུབ་པ་དང་ཞང་ཀང་ལ་ཞབས་ཞུ་སྒྲུབ་པ། ཨུ་ཡོན་ལ་ཞབས་ཞུ་སྒྲུབ་པའི་སྤྱིའི་རྩ་དོན་གཞིར་བཟང་ནས། ཞང་ཀང་ས་ཁུལ་གྱི་སྲིད་གྲོས་ཨུ་ཡོན་དང་ལས་རིགས་སོ་སོའི་མི་སྣར་ཁྱབ་རྒྱ་ཆེ་བའི་སྒོ་ནས་འབྲེལ་འདྲིས་བྱས་པ་དང་། ཞང་ཀང་སྤྱི་ཚོགས་ཀྱི་ལས་དོན་ཁྲོད་དུ་ཧུར་ཐག་གིས་ཞུགས་པར་མ་ཟད། རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལ་སེམས་གཏིང་ནས་རྒྱབ་སྐྱོར་བྱས་ཏེ། གྲུབ་འབྲས་ཕུན་སུམ་ཚོགས་པའི་བྱ་བ་མང་པོ་བསྒྲུབས་པ་དང་། གྲུབ་འབྲས་ཡོད་ཚད་ལ་ཁས་ལེན་གང་ལེགས་བྱེད་འོས་ཟེར། 

ཝང་དབྱང་གིས་མཛའ་འབྲེལ་ཚོགས་པའི་ཁོངས་མི་ཡོངས་དང་ཞང་ཀང་ས་ཁུལ་གྱི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞང་ཀང་དང་ཨོ་མོན་བྱ་བའི་སྐོར་གྱི་འབྲེལ་ཡོད་རྒྱས་བཤད་གལ་ཆེན་ལ་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། མུ་མཐུད་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་དྲིལ་སྒྲོག་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ནུས་ཤུགས་གང་ཡོད་བཏོན་ནས་དམིགས་བསལ་ས་ཁུལ་སྲིད་གཞུང་དང་སྲིད་འཛིན་དཔོན་པོས་ཁྲིམས་ལྟར་སྲིད་སྐྱོང་བར་རྒྱབ་སྐྱོར་གང་ལེགས་བྱས་ཏེ། ཞང་ཀང་གི་ལས་རིགས་སོ་སོའི་མི་སྣ་ཡོངས་ཀྱིས་མཐུན་སྒྲིལ་སེམས་ཤུགས་ཕྱོགས་གཅིག་ཏུ་བསྡུས་ནས་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་ཐད་ལ་ནུས་པ་འདོན་དགོས་ཟེར།

ཡུག་ཆོན་དང་ཞ་པའོ་ལུང་གཉིས་མཇལ་འཕྲད་ལ་ཞུགས།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།