ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་ཐད་ནས་མཆན་བཀོད་མཛུབ་སྟོན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་ཐད་མཆན་བཀོད་མཛུབ་སྟོན་གནང་ནས་བསྟན་དོན། ལོ་ལྔའི་རིང་ལ། འབྲེལ་ཡོད་ས་གནས་དང་སྡེ་ཁག་གིས་གཞོགས་འདེགས་དམ་ཟབ་བྱས་ནས། རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་གྱིས་བཅོས་སྒྱུར་སྒོ་འབྱེད་སྐབས་སུ་འཚོལ་ཞིབ་གསར་གཏོད་དང་དཀའ་ངལ་ཁྱད་སེལ་བྱེད་པར་སྐུལ་འདེད་བཏང་བས། ཕྱོགས་མང་པོའི་ཐད་ནས་དར་རྒྱལ་གོང་འཕེལ་དུ་སོང་བ་དང་། གྲུབ་འབྲས་ཁས་ལེན་གང་ལེགས་བྱེད་འོས། ཞི་ཅིན་ཞིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱས་ཏེ། རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་གྱི་བཅོས་སྒྱུར་སྒོ་འབྱེད་དང་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། འགལ་རྩོད་གཙོ་བོ་དང་གྲུབ་ཚུལ་རང་བཞིན་གྱི་གནད་དོན་ཐག་གཅོད་པར་དམིགས་ནས། བཅོས་སྒྱུར་ཐད་ནས་གཅིག་གྱུར་འཆར་འགོད་དང་མ་ལག་གྲུབ་པར་བྱེད་པ་དང་། མུ་མཐུད་དུ་ལམ་ལུགས་གསར་གཏོད་དམ་འཛིན་བྱས་ཏེ། འཕེལ་རྒྱས་དང་འགྲན་རྩོད་ཀྱི་དགེ་མཚན་གསར་བ་གྲུབ་པར་བྱེད་དགོས། ཁྱབ་ཁོངས་སྔར་ལས་ཆེན་པོ་དང་ཐ་ན་རྒྱལ་ཡོངས་ནས་བསྐྱར་བཀོལ་ཁྱབ་གདལ་བྱེད་ཆོག་པའི་ཉམས་མྱོང་སྔར་ལས་མང་པོ་བསྡུ་གསོག་བྱས་ནས། བཅོས་སྒྱུར་སྒོ་འབྱེད་ཀྱི་སྔོན་སྐྱོད་དམག་གི་དཔེ་མཚོན་སྣེ་ཁྲིད་ནུས་པ་སྔར་ལས་འདོན་སྤེལ་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།