ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཁམ་ཕུ་ཀྲེའི་གྲོས་ཞུགས་ཁང་གི་ཀྲུའུ་ཞི་སའེ་ཁྲུང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20181025093404fnP4.jpg

ཟླ10པའི་ཚེས24ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁམ་ཕུ་ཀྲེའི་གྲོས་ཞུགས་ཁང་གི་ཀྲུའུ་ཞི་སའེ་ཁྲུང་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་ཉེར་བཞི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁམ་ཕུ་ཀྲེའི་གྲོས་ཞུགས་ཁང་གི་ཀྲུའུ་ཞི་སའེ་ཁྲུང་ལ་མཇལ་འཕྲད་གནང་།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུང་གོས་རྒྱལ་ཁབ་ཀྱི་ཆེ་ཆུང་དང་བཙན་གཉོམ། དབུལ་ཕྱུག་ལ་མི་ལྟ་བར་ཚང་མ་འདྲ་མཉམ་ཡིན་པས། ཕན་ཚུན་བརྩི་བཀུར་བྱེད་དགོས་པ་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་དགོས་པའི་འདོད་བློ་བཅངས་ཡོད། མཐའ་སྐོར་གྱི་རྒྱལ་ཁབ་ལ་ང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་ལྷག་བསམ་དཀྱེལ་ཡངས་ཀྱི་ཕྱི་འབྲེལ་ལྟ་བ་ལག་བསྟར་བྱེད་པ་དང་། ཁྱིམ་མཚེས་མཛའ་མཐུན་དང་གཉིས་ཕན་མཉམ་ལས་ཡོང་བར་འབད་བརྩོན་བྱེད་བཞིན་ཡོད། ཀྲུང་གོ་དང་ཁམ་ཕུ་ཀྲེའི་འབྲེལ་བ་ནི་འདིའི་ཕྱོགས་ཀྱི་མིག་དཔེ་རེད་ཅེས་བཤད་ཆོག ད་ལོ་ནི་ཀྲུང་གོ་དང་ཁམ་ཕུ་ཀྲེའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་ལོ་ཡིན་པས། ཀྲུང་གོས་སྔར་བཞིན་དུ་ཁམ་ཕུ་ཀྲེ་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་ཞིང་ལས། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། མུ་མཐུད་དུ་ཁམ་ཕུ་ཀྲེ་ཡི་གཏན་འཇགས་འཕེལ་རྒྱས་སྲུང་འཛིན་བྱེད་པ་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པར་རོགས་རམ་བྱེད་རྒྱུ་ཡིན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཁམ་ཕུ་ཀྲེའི་གྲོས་ཞུགས་ཁང་དང་རྒྱལ་ཚོགས་བར་གྱི་མཛའ་མཐུན་འབྲེལ་བར་ཤུགས་བསྣན་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་གོང་དུ་སྤེལ་བར་བྱས་རྗེས་འཇོག་འདོད་ཡོད་ཟེར།

སའེ་ཁྲུང་གིས་ཁམ་ཕུ་ཀྲེ་དང་ཀྲུང་གོ་ནི་ཕན་ཚུན་བློ་གཏད་ཆོག་པའི་གྲོགས་པོ་ངོ་མ་དང་སྤུན་ཟླ་བཟང་པོ་ཡིན་པས། ཁམ་ཕུ་ཀྲེ་དང་ཀྲུང་གོའི་མཉམ་ལས་ཐད་གྲུབ་འབྲས་སྔར་ལས་མང་པོ་ལེན་འདོད་ཡོད་ཟེར།

ཁྲིན་ཀྲུའུ་མཇལ་འཕྲད་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།