ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་དྲ་རྒྱའི་སྲིད་གླེང་རྒྱང་བསྟེན་གྲོས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20181025092333L5kL.jpg

ཟླ10པའི་ཚེས24ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་དྲ་རྒྱའི་སྲིད་གླེང་རྒྱང་བསྟེན་གྲོས་མོལ་ཚོགས་འདུ་ཐེངས་དང་པོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་ཉེར་བཞི་ཉིན་པེ་ཅིན་ནས་དྲ་རྒྱའི་སྲིད་གླེང་རྒྱང་བསྟེན་གྲོས་མོལ་ཚོགས་འདུ་ཐེངས་དང་པོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། དྲ་རྒྱའི་སྲིད་གླེང་དང་རྒྱང་བསྟེན་གྲོས་མོལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དགོངས་པ་གལ་ཆེན་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། སྲིད་གྲོས་གྲོས་མོལ་གྱི་དམངས་གཙོའི་ཐབས་ལམ་རྒྱ་བསྐྱེད་པའི་འཚོལ་ཞིབ་གལ་ཆེན་ཡིན་པས། མཉམ་འབྲེལ་དྲ་བའི་ཁྱད་སྟོབས་དང་སྲིད་གྲོས་གྲོས་མོལ་གྱི་ཁྱད་ཆོས་ཟུང་སྦྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱར་ཆ་རྒྱུས་ཡོད་པ་དང་དྲ་རྒྱ་བཀོལ་སྤྱོད་བྱེད་པ་དེ་རྩ་བའི་ནུས་པ་ཞིག་ཏུ་བརྩི་དགོས་པའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། དྲ་རྒྱའི་སྲིད་གླེང་དང་རྒྱང་བསྟེན་གྲོས་མོལ་གྱི་ཐབས་ལམ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། མི་དམངས་སྲིད་གྲོས་ནི་ཆེད་དམིགས་ཀྱི་གྲོས་མོལ་ལས་ཁུངས་ཡིན་པའི་ནུས་པ་སྔར་ལས་བཟང་པོར་མངོན་པར་བྱེད་དགོས་ཟེར།

ཐེངས་འདིའི་གྲོས་མོལ་བྱ་འགུལ་གྱིས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱས་ཏེ་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་དགོས་ཞེས་པ་བརྗོད་གཞིར་བཟུང་ཡོད་ལ། ཨུ་ཡོན་བཅུ་གསུམ་གྱིས་པེ་ཅིན ་དང་ཀྲེ་ཅང་། ཧུའུ་ནན། ཀོང་ཏུང་བཅས་ཚོགས་ར་བཞི་དང་། ཁ་པར་དྲ་འཇུག་གི་ཐབས་ལམ་སྤྱད་ནས་གཏམ་བཤད། བསྡོམས་པས་ཨུ་ཡོན་བརྒྱད་བརྒྱ་ལྷག་གིས་དྲ་ཐོག་འགན་སྒྲུབ་སྟེགས་བུ་བརྒྱུད་དེ་ཕན་ཚུན་བརྗེ་རེས་བྱས་པ་དང་། བློ་འདོན་ཇུས་འབུལ་བྱས། ཨུ་ཡོན་རྣམས་ཀྱིས་བལྟས་ན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཡོ་འགུལ་སྤུ་ཙམ་ཡང་མེད་པར་དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་ཆེན་པོ་བྱས་ཏེ། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ཡོད། ལྷག་པར་དུ་ཉེ་སྔོན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གས་དམངས་གཉེར་དཔལ་འབྱོར་ཁས་མི་ལེན་པ་དང་ཞན་སྒྱུར་གྱི་གཏམ་སྦྱོར་ཡོད་ཚད་ནི་ནོར་འཁྲུལ་ཡིན་ཞེས་གསལ་པོར་བསྟན་ནས། དམངས་གཉེར་ཁེ་ལས་པས་བློ་གཅིག་སེམས་གཅིག་གིས་གསར་སྐྲུན་གསར་གཏོད་བྱེད་པ་དང་ནན་ནན་ཏིག་ཏིག་གིས་ཁེ་ལས་བཟང་པོར་བསྒྲུབ་པར་སྐུལ་མ་བཏང་བ་དེས་དམངས་གཉེར་ཁེ་ལས་པའི་ཡིད་ཆེས་ལྡབ་འགྱུར་གྱིས་ཇེ་ཆེར་བཏང་། ང་ཚོས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཁྲོད་དུ་གནས་པའི་དཀའ་ཁག་དང་། ཀྲུང་གོའི་དཔལ་འབྱོར་གཏན་འཇགས་ཁྲོད་ནས་བཟང་ཕྱོགས་སུ་འཕེལ་བའི་རྩ་བའི་རྣམ་པ་འགྱུར་མེད་པ། ཁྲོམ་རའི་སྦས་ཤུགས་དང་འཕེལ་རྒྱས་ཀྱི་བར་སྟོང་ཧ་ཅང་ཆེ་བའི་ཁྱད་སྟོབས་འགྱུར་མེད་པ། ཏང་དང་སྲིད་གཞུང་གིས་དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ལམ་ལུགས་བཀོད་སྒྲིག་ཉིན་རེ་བཞིན་དུ་འཐུས་ཚང་དུ་འགྲོ་བཞིན་པ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་འོད་སྟོང་ལྡན་པ་བཅས་ལ་ལུགས་མཐུན་དང་ཆ་ཚང་བའི་རྒྱུས་ལོན་བྱེད་དགོས་ཟེར།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་དང་ཁྲིན་ཞའོ་ཀོང་། ཞ་པའོ་ལུང་། ཝང་ཡུང་ཆིན་བཅས་ཚོགས་འདུར་ཞུགས། རྒྱལ་ཡོངས་དང་ས་གནས་ཀྱི་སྲིད་གྲོས་ཨུ་ཡོན་ཀྲང་ལེན་ཆི་དང་དབྱིན་ཞིན་ཧྲན། ཡོན་ཨེ་ཕིང་། ཧུའུ་ཏི་ཀྲའོ། ཀྲུའུ་ཅན་མེན། ཀྲིག་ཧུང་དབྱི། ཝང་ཅན་དབྱི། ཐུའུ་ཧུང་ཡན། ཝང་གོ་ཧེ། ཧྥུའུ་ཧྲིན་ལུང་། ཧོང་ཞི་ཆིན། ལིས་ཀྲི་མེན། ཡོན་ཡ་ཧྥེ་བཅས་ཀྱིས་གཏམ་བཤད། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ནོར་སྲིད་པུའུ། ཁྲལ་དོན་སྤྱི་ཁྱབ་ཅུའུ། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་བཅས་ཀྱི་འགན་ཁུར་པས་ཡུལ་དངོས་ནས་བརྗེ་རེས་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།