ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཧི་པེ་ཞིང་ཆེན་དུ་རྟོག་ཞིབ་མཛད་པར་མ་ཟད་འགོ་འཛིན་མཛད་ནས་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་དང་མཐའ་བསྐོར་ས་ཁུལ་གྱི་དགུན་ཁའི་དག་གཙང་དྲོད་འདོན་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཚེས་བཅུ་བདུན་ཉིན་ཧི་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་དུ་རྟོག་ཞིབ་མཛད་པར་མ་ཟད་འགོ་འཛིན་མཛད་ནས་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་དང་མཐའ་བསྐོར་ས་ཁུལ་གྱི་དགུན་ཁའི་དག་གཙང་དྲོད་འདོན་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆོན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར། སྡེ་ཁག་བཅས་ཀྱིས་རང་བྱུང་སོལ་རླངས་མཁོ་འདོན་དང་མང་ཚོགས་རྣམས་བདེ་འཇགས་དང་དྲོད་ཁོལ་ལྡན་པར་དགུན་བརྒལ་བར་ཁག་ཐེག་བྱེད་པའི་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་ནས། འབྲེལ་ཡོད་བྱ་བར་བཀོད་སྒྲིག་སྔར་ལས་བཟང་པོ་གནང་།

ཧན་ཀྲིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱང་ཕྱོགས་ས་ཁུལ་གྱི་དགུན་ཁའི་དག་གཙང་དྲོད་འདོན་ལ་ཧ་ཅང་མཐོང་ཆེན་གནང་ནས། བྱ་བ་དེ་ནི་རྒྱ་ཆེའི་མི་དམངས་ཚོགས་ཀྱི་འཚོ་བ་དང་འབྲེལ་བའི་དམངས་ཚིས་བཟོ་སྐྲུན་དང་དམངས་སེམས་བཟོ་སྐྲུན་གལ་ཆེན་ཡིན་ཞེས་ནན་གྱིས་བསྟན་དོན། ང་ཚོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལགབ་སྟར་ནན་མོ་བྱེད་པ་དང་། དམིགས་འབེན་དམ་འཛིན་གྱིས་ཡོད་ཚད་དོན་དངོས་ནས་རྐང་འཛུགས་པ། ཡུལ་བབ་དང་བསྟུན་པ་དང་རིམ་བགྲོད་གོང་འཕེལ་སྒོས་དོན་བཟང་རྣལ་མར་སྒྲུབ་པ་དང་དོན་དངོས་བཟང་པོར་སྒྲུབ་སྟེ། མང་ཚོགས་རྣམས་བདེ་འཇགས་དང་དྲོད་ཁོལ་ལྡན་པར་དགུན་བརྒལ་བར་ཁག་ཐེག་བྱེད་དགོས་པ་དང་། མཁའ་དབུགས་ཀྱི་ཁོར་ཡུག་སྤུས་ཚད་རྒྱུན་སྲིང་སྒོས་ལེགས་བཅོས་བྱེད་དགོས་ཟེར།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། རྡོ་སོལ་དེ་གློག་རླངས་སུ་བརྟན་བརླིང་སྒོས་བསྒྱུར་དགོས་ལ། ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་གིས་དགུན་ཁའི་ཐོན་སྐྱེད་དང་འདོན་སྤྲོད་འཕར་སྣོན་གྱི་སྦས་ཤུགས་མུ་མཐུད་ནས་སྔོག་འདོན་བྱེད་པ་དང་། རང་བྱུང་སོལ་རླངས་མཁོ་འདོན་གྱི་ལས་འགན་དངོས་འབེབས་བྱས་ཏེ། ས་ཁུལ་གཙོ་བོའི་རང་བྱུང་སོལ་རླངས་མཁོ་འདོན་ལ་ཁག་ཐེག་བྱེད་དགོས་ཟེར།

ཧན་ཀྲིན་གྱིས་འབྲེལ་ཡོད་སྡེ་ཁག་སོ་སོས་རྩ་འཛུགས་མཐུན་སྦྱོར་དང་སྲིད་ཇུས་རྒྱབ་སྐྱོར། བདེ་འཇགས་ལྟ་འདོམ་སོགས་ཀྱི་བྱ་བ་ནན་ཏན་གྱིས་བཟང་པོར་བསྒྲུབ་དགོས་ལ། འབྲེལ་ཡོད་ས་ཁུལ་གྱིས་དམངས་ཚིས་ཐད་བཀོལ་བའི་སོལ་རླངས་ལ་ཁག་ཐེག་བྱེད་པའི་འགན་ཁུར་གཙོ་བོ་དངོས་སུ་ལག་བསྟར་བྱེད་དགོས་ཤིང་། དྲོད་འདོན་ཁེ་ལས་ཀྱིས་གཏན་ཁེལ་བྱས་ཟིན་པའི་ཐོན་ཁུངས་སྤྱི་ཚད་ཀྱི་དམིགས་འབེན་ཡོངས་འགྲུབ་བྱས་ནས། གན་རྒྱ་ལྟར་མཁོ་འདོན་ཚད་དང་ལྡན་པར་འགན་སྲུང་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།