ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའི་ཐེ་དང་མཉམ་དུ་ཀྲུང་གོ་དང་ཧོ་ལན་གྱི་འབྱོར་འཚོང་གླེང་སྟེགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20181018094713I8Qi.jpg

ས་དེའི་ཚེས་བཅུ་དྲུག་ཉིན་གྱི་ཉིན་གུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཧེ་ཡ་གྲོང་ཁྱེར་གྱི་རྟེན་མཛོད་ཁང་ནས་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའི་ཐེ་དང་མཉམ་དུ་ཀྲུང་གོ་དང་ཧོ་ལན་གྱི་འབྱོར་འཚོང་གླེང་སྟེགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཚེས་བཅུ་དྲུག་ཉིན་གྱི་ཉིན་གུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཧེ་ཡ་གྲོང་ཁྱེར་གྱི་རྟེན་མཛོད་ཁང་ནས་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའི་ཐེ་དང་མཉམ་དུ་ཀྲུང་གོ་དང་ཧོ་ལན་གྱི་འབྱོར་འཚོང་གླེང་སྟེགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

ལིས་ཁི་ཆང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཧོ་ལན་གྱི་འབྲེལ་བ་དང་ལྷག་པར་དུ་དངོས་གཉེར་མཉམ་ལས་རྒྱུན་ཆད་མེད་པར་ཆུ་ཚད་གསར་པ་ཞིག་ཏུ་གོང་འཕེལ་དུ་སོང་ཡོད། ང་ཚོས་ཧོ་ལན་ཕྱོགས་དང་མཉམ་དུ་ཡང་འབད་བསྐྱར་འབད་བྱས་ཏེ། ཕྱོགས་གཉིས་ཀྱི་མཉམ་ལས་དེ་གཞི་ཁྱོན་སྔར་ལས་ཆེན་པོ་དང་རིམ་པ་སྔར་ལས་ཟབ་མོ། ཆུ་ཚད་སྔར་ལས་མཐོན་པོ་བཅས་སུ་བསླེབ་པར་ཡར་སྐུལ་བྱེད་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོས་མུ་མཐུད་དུ་ཕྱི་ཕྱོགས་སྒོ་འབྱེད་བྱེད་ཤུགས་ཇེ་ཆེར་བཏང་ནས། བྱེད་ཐབས་སྔར་ལས་བཟང་པོ་སྤྱད་དེ་ཁྲོམ་རར་འཇུག་ཚད་རྒྱ་བསྐྱེད་རྒྱུ་ཡིན། ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བའི་དུས་རིམ་དུ་གནས་པ་དང་། ཁྲོམ་རའི་སྦས་ཤུགས་ཧ་ཅང་ཆེ་བས། ཧོ་ལན་གྱི་ཁེ་ལས་དང་བཅས་པའི་རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་གོ་སྐབས་དམ་འཛིན་དང་མཉམ་ལས་རྒྱ་བསྐྱེད་བྱེད་པར་དགའ་བསུ་ཞུ་བཞིན་ཡོད། ཀྲུང་གོས་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཤུགས་སྔར་ལས་ཆེན་པོ་སྣོན་རྒྱུ་ཡིན་ལ། འདི་ནི་ཀྲུང་གོ་རང་སྟེང་གི་དཔལ་འབྱོར་ཚུལ་སྒྱུར་རིམ་སྤོར་གྱི་དགོས་མཁོ་ཡང་ཡིན་ཟེར།

ལིས་ཁི་ཆང་གིས་བསྟན་དོན། དེང་སྐབས་འཛམ་གླིང་གི་གནས་བབ་རྙོག་འཛིང་ཆེ་ལ། སྲུང་སྐྱོབ་རིང་ལུགས་དང་ཕྱོགས་གཅིག་རིང་ལུགས་ཀྱི་མགོ་བོ་དགྱེ་བཞིན་པའི་སྒང་ཡིན། ཀྲུང་གོས་ཧོ་ལན་དང་མཉམ་དུ་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱས་ཏེ། སྒྲིག་སྲོལ་རྨང་གཞིར་བྱས་པའི་རང་དབང་ཉོ་འཚོང་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། དེང་སྐབས་ཀྲུང་གོའི་དཔལའ་བྱོར་བརྟན་བརླིང་ངང་འཁོར་སྐྱོད་བྱེད་བཞིན་པ་དང་། འཛད་སྤྱོད་ནི་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་གཙོ་བོར་གྱུར་ཡོད། དེང་སྐབས་རྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག་ཏུ། ཀྲུང་གོའི་དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་ནའང་། ང་ཚོར་ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་འཇལ་བའི་ཆོད་སེམས་དང་ནུས་པ་ཡོད་ལ། ང་ཚོར་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་ཡོངས་འགྲུབ་བྱེད་པའི་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།