ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས2018ལོའི་རྒྱལ་ཡོངས་ཀྱི་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱ་འགུལ་གཟའ་འཁོར་ཚོགས་འགོ་བརྩམས་པར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10བའི་ཚེས9ཉིན། 2018ལོའི་རྒྱལ་ཡོངས་ཀྱི་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱ་འགུལ་གཟའ་འཁོར་སི་ཁྲོན་ཞིང་ཆེན་གྱི་ཁྲིན་ཏུའུ་གྲོང་ཁྱེར་ནས་ཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ལས་བསྟན་དོན། ཉེ་བའི་ལོ་འགའི་ནང་ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་འོག དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱ་འགུལ་རྒྱ་ཆེར་སྤེལ་ནས། གསར་སྐྲུན་སྦས་ཤུགས་དང་ཚོང་རའི་གསོན་ཤུགས་ཇེ་ཆེར་གཏོང་བ་དང་ལས་ཞུགས་རྒྱ་སྐྱེད་པར་ནུས་པ་ཆེན་པོ་བཏོན། གནས་བབ་གསར་བའི་མདུན་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱེད་པ་དང་། སྤུས་ཚད་ལེགས་པའི་འཕེལ་རྒྱས་ཀྱི་རེ་བ་ལྟར། གསར་སྐྲུན་སྐུལ་འདེད་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་དང་རྒྱུན་མཐུད་སྒོས་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པ་གཏིང་ཟབ་ཏུ་སྤེལ་དགོས། དབང་གཏོང་དོ་དམ་དང་ཞབས་ཕྱིའི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་ཐོན་དབང་སྲུང་སྐྱོབ་སོགས་ཀྱི་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། རིགས་མི་འདྲ་བའི་ཚོང་རའི་གཙོ་གཞི་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ལས་སྤེལ་གསར་སྐྲུན་སྐྱེ་ཁམས་འཛུགས་སྐྲུན་བྱེད་དགོས། བཟོ་ལས་དྲ་སྦྲེལ་སྟེགས་བུའི་ཞབས་ཕྱིའི་ནུས་པ་ཇེ་ཆེར་གཏོང་བ་དང་དྲ་སྦྲེལ་དང་སྤྱི་ཚོགས་དམངས་ཚིས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ལ། སྤྱི་ཐུན་ཞབས་ཕྱི་ལེགས་བཅོས་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་གསར་སྐྲུན་ནུས་པ་ཇེ་ཆེར་བཏང་ནས། སྒུལ་ནུས་གསར་བ་མྱུར་དུ་གསོ་སྐྱོང་བྱེད་པ་དང་རང་རྒྱལ་དཔལ་འབྱོར་གྱི་གསར་སྐྲུན་ནུས་པ་དང་འགྲན་རྩོད་ནུས་པ་སྔར་ལས་ཇེ་ཆེར་གཏོང་བར་རྨང་གཞི་བརྟན་པོ་འདིང་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།