ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན2018ལོའི་རྒྱལ་ཡོངས་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱ་འགུལ་གཟའ་འཁོར་འགོ་རྩོམ་པའི་མཛད་སྒོར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20181010091216OBRJ.jpg

2018ལོའི་རྒྱལ་ཡོངས་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱ་འགུལ་གཟའ་འཁོར་འགོ་རྩོམ་པའི་མཛད་སྒོ་ཟླ་བཅུ་བའི་ཚེས་དགུ་ཉིན་ཁྲིན་ཏུའུ་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2018ལོའི་རྒྱལ་ཡོངས་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱ་འགུལ་གཟའ་འཁོར་འགོ་རྩོམ་པའི་མཛད་སྒོ་ཁྲིན་ཏུའུ་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཧན་ཀྲིན་གྱིས་བསྟན་དོན། རང་རྒྱལ་གྱི་དཔལ་འབྱོར་མགྱོགས་མྱུར་འཕར་སྣོན་དུས་རིམ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དུས་རིམ་དུ་ཞུགས་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ། སྒུལ་ནུས་གསར་རྙིང་སྦྲེལ་མཐུད་དང་བསྒྱུར་སྤོར་བྱས་ནས། ཀྲུང་གོའི་དཔལ་འབྱོར་བརྟན་བརླིང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཁོར་ཡུག་ལེགས་བསྒྱུར་བྱེད་པར་ཤུགས་འདོན་པ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་རར་ཞུགས་ཆོག་པའི་གསལ་ཁྲ་ཁྱབ་བསྒྲགས་བྱེད་པ། ཁེ་ལས་སྟབས་བདེ་ངང་ཐོ་ཁུངས་ནས་སུབ་པའི་བཅོས་བསྒྱུར་མགྱོགས་མྱུར་སྒོས་སྤེལ་ནས། གོ་རིམ་ཧྲིལ་བོའི་ཁྲོད་ལྟ་སྐུལ་དོ་དམ་བཟང་བོ་སྤེལ་བའི་རྐྱེན་སྲོལ་འཛུགས་དགོས། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ནོར་ཁྲལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དངུལ་རྩའི་ཞབས་ཞུ་འཐུས་ཚང་དུ་བཏང་སྟེ། ཤེས་བྱའི་ཐོན་དབང་དོ་དམ་ཞབས་ཞུ་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ལས་སྐྲུན་ལ་བརྟེན་ནས་ལས་ཞུགས་ནུས་པ་མཐོར་འདེགས་བྱས་ནས། སྤྱི་ཚོགས་གཙོ་གཞི་སྔར་ལས་མང་པོ་གསར་གཏོད་ལས་སྐྲུན་ཁྲོད་ཞུགས་པར་སྐུལ་སློང་དང་རྒྱབ་སྐྱོར་བྱེད་དགོས། གསར་གཏོད་ལས་སྐྲུན་ སྟེགས་བུའི་ཞབས་ཞུའི་ནུས་པ་མཐོར་འདེགས་བྱས་ཏེ། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བར་སྟོང་ཆེད་ལས་ཅན་དང་ཞིབ་ཕྲ་ཅན་གྱི་ཁ་ཕྱོགས་སུ་རིམ་སྤོར་བྱེད་པར་སྣེ་ཁྲིད་བྱེད་དགོས་ཟེར།

འགོ་རྩོམ་མཛད་སྒོའི་སྟེང་། ཧན་ཀྲིན་དང་གསར་གཏོད་ལས་སྐྲུན་པའི་འཐུས་ཚབ་ཀྱིས་མཉམ་དུ་བྱ་འགུལ་གཟའ་འཁོར་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།

ཝན་གང་དང་ཧི་ལིས་ཧྥེང་གཉིས་བྱ་འགུལ་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།