ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《རིག་དངོས་སྲུང་སྐྱོབ་དང་བཀོལ་སྤྱོད་བཅོས་སྒྱུར་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》རབ་དང་རིམ་པ་དཔར་ནས་བཀྲམ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《རིག་དངོས་སྲུང་སྐྱོབ་དང་བཀོལ་སྤྱོད་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་རབ་དང་རིམ་པ》དཔར་ནས་བཀྲམ་པར་མ་ཟད། བརྡ་ཐོ་བཏང་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་དང་སྦྲེལ་ཏེ་ལག་བསྟར་དངོས་འབེབས་ནན་མོ་བྱེད་དགོས་པའི་རེ་བ་བཏོན།

བསམ་འཆར་ལས་བསྟན་དོན། རིག་དངོས་ཀྱིས་འོད་སྟོང་འབར་བའི་ཤེས་རིག་ཐེག་ཡོད་པ་དང་། ལོ་རྒྱུས་ཀྱི་རིག་གནས་རྒྱུན་འཛིན་བྱས་ཡོད་ལ། མི་རིགས་ཀྱི་སྙིང་སྟོབས་མངོན་མཚོན་བྱས་ཡོད། དེ་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གྱི་རྒྱུ་ནོར་རྩ་ཆེན་ཡིན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་ཁྱད་སྟོབས་ཐོན་ཁུངས་ཡིན་ལ། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ཀྲུང་གོའི་ཕུགས་འདུན་མཉམ་སྐྲུན་གྱི་སྟོབས་ཤུགས་དྲག་པོ་གཅིག་སྡུད་བྱེད་པའི་ཞིང་ས་གཤིན་པོ་ཡིན་པས། རིག་དངོས་ལ་སྲུང་སྐྱོབ་བྱེད་པ་ནི་དེང་རབས་སྒྲུབ་ན་དུས་གཏན་དུ་ཕན་པའི་བྱ་གཞག་ཅིག་ཡིན།

བསམ་འཆར་ལས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ།ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རིག་དངོས་བྱ་བ་ཏན་ཏིག་གིས་བསྒྲུབས་པས། རིག་དངོས་ལས་དོན་གོང་འཕེལ་མངོན་གསལ་བྱུང་། དེང་སྐབས་དུས་རབས་གསར་པ་དང་ལས་འགན་གསར་པས་བཏོན་པའི་བླང་བྱ་གསར་པའི་མདུན་དུ། རིག་དངོས་སྲུང་སྐྱོབ་དང་བཀོལ་སྤྱོད་དོ་མཉམ་མིན་ལ་ཕུན་སུམ་ཚོགས་པ་མིན་པའི་འགལ་བ་སྔར་བཞིན་གནས་པས། རིག་དངོས་ཐོན་ཁུངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་ནུས་པ་སྔར་ལས་ཇེ་ཆེར་གཏོང་དགོས་པ་དང་། ས་གནས་ཁ་ཤས་ཀྱིས་རིག་དངོས་སྲུང་སྐྱོབ་ཀྱི་འགན་འཁྲི་གཙོ་བོ་དངོས་འབེབས་བྱས་པ་དོན་ཐོག་ཏུ་འཁྱོལ་མེད་པས། རིག་དངོས་བདེ་འཇགས་ཀྱི་གནས་བབ་སྔར་བཞིན་ཚབས་ཆེ་བ། རིག་དངོས་ལུགས་མཐུན་གྱིས་བཀོལ་སྤྱོད་བྱས་པ་མི་འདང་བ་དང་བརྒྱུད་སྤེལ་རྒྱུན་འཛིན་བྱས་པ་མི་འདང་བ། རིག་དངོས་ཀྱི་གསོན་ཤུགས་བསྐྱེད་པའི་ཐབས་ལམ་གསར་གཏོད་བྱེད་དགོས་པ། རིག་དངོས་ཐོན་ཁུངས་ལ་བརྟེན་ནས་ཀྲུང་གོའི་གཏམ་རྒྱུད་བཟང་པོར་འཆད་པའི་ཐབས་ཤེས་མི་མང་བས། ཀྲུང་ཧྭའི་རིག་གནས་རྒྱལ་སྤྱིའི་སྟེང་བརྒྱུད་སྒྲོག་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས་པ། རིག་དངོས་སྲུང་སྐྱོབ་དོ་དམ་སྟོབས་ཤུགས་ལྟོས་བཅས་ཀྱིས་ཞན་པས། བཅོས་སྐྱོང་ནུས་ཤུགས་དང་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་པས། རིག་གནས་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་། ཀྲུང་ཧྭའི་ཤེས་རིག་རྒྱུན་འཛིན་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་ནས། རིག་དངོས་སྲུང་སྐྱོབ་དང་བཀོལ་སྤྱོད་ཀྱི་གལ་ཆེན་རང་བཞིན་ཐད་ཀྱི་ངོས་འཛིན་སྔར་ལས་མཐོར་འདེགས་བྱེད་པ་དང་། འགན་འཁྲིའི་འདུ་ཤེས་དང་དགོས་གཏུག་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། བསམ་བློ་སྔར་ལས་བཅིངས་འགྲོལ་དང་འདུ་ཤེས་གསར་སྒྱུར་བྱེད་པ། རིག་དངོས་སྲུང་སྐྱོབ་དང་བཀོལ་སྤྱོད་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ། རིག་དངོས་སྲིད་ཇུས་དང་ལམ་ལུགས་ཀྱི་མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་པ་བཅས་བྱས་ནས། རིག་དངོས་སྲུང་སྐྱོབ་དང་བཀོལ་སྤྱོད་ཀྱི་བྱ་བ་སྣ་ཚོགས་དངོས་སུ་བཟང་པོར་སྒྲུབ་དགོས།

བསམ་འཆར་ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་དངོས་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དངོས་འབེབས་ནན་མོ་བྱེད་པ། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱེད་པ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱེད་པར་དམ་དུ་སྦྲེལ་བ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས། སྤྱི་ཚོགས་རང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རྒྱུན་འཁྱོངས་བཅས་བྱེད་པ། རིག་དངོས་སྲུང་སྐྱོབ་དང་བཀོལ་སྤྱོད། རྒྱུན་འཛིན་བཅས་གཅིག་གྱུར་གྱིས་སྤེལ་བ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསོན་ཤུགས་དང་ཤན་ཤུགས་དངོས་སུ་ཇེ་དྲག་ཏུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡར་སྐུལ་སྔར་ལས་བཟང་པོ་བྱེད་པ། མི་དམངས་ཀྱི་ཉིན་རེར་ཇེ་ཆེར་འགྲོ་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་རྒྱུན་མ་ཆད་པར་བསྐོང་བ་བཅས་བྱས་ཏེ། འབད་བརྩོན་ཆེན་པོས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ལེན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མྱུར་དུ་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཐད་ལ་བྱས་རྗེས་གལ་ཆེན་འཇོག་དགོས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།