ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སྔོན་ཆད་ཀྱི་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཏུའུ་མེ་སྐུ་གཤེགས་པའི་ཐད་ནས་ཡོ་ནན་གུང་ཁྲན་ཁང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་།

    སྤེལ་དུས། : 2018-10-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་གཉིས་ཉིན་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་སྟེ། ཀྲུང་གོ་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་མཛད་པར་མ་ཟད་རང་ཉིད་ཀྱི་མིང་ཐོག་ནས་སྔོན་ཆད་ཀྱི་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཏུའུ་མེ་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་ཁོའི་ཁྱིམ་མི་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།

གློག་འཕྲིན་ནང་བསྟན་དོན། སྔོན་ཆད་ཀྱི་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཏུའུ་མེ་སྐུ་གཤེགས་རྗེས། བདག་གིས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་། ཀྲུང་གོའི་མི་དམངས་བཅས་ཀྱི་ཚབ་མཛད་པར་མ་ཟད་རང་ཉིད་ཀྱི་མིང་ཐོག་ནས་ཁྱེད་དང་ཁྱེད་བརྒྱུད་དེ་ཡོ་ནན་གུང་ཁྲན་ཏང་དང་ཡོ་ནན་སྲིད་གཞུང་། ཡོ་ནན་མི་དམངས་བཅས་ལ་བློ་མཐུན་ཏུའུ་མེ་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་བློ་མཐུན་ཏུའུ་མེ་ཡི་ཁྱིམ་མི་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།

བློ་མཐུན་ཏུའུ་མེ་ནི་ཡོ་ནན་ཏང་དང་རྒྱལ་ཁབ་ཀྱི་རྒན་རབས་ཕུལ་བྱུང་འགོ་ཁྲིད་པ་དང་ཀྲུང་གོ་ཏང་དང་མི་དམངས་ཀྱི་གྲོགས་པོ་བཟང་བོ་ཡིན་ལ། ཡོ་ནན་གྱི་སྒྱུར་བཅོས་ལས་དོན་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཐད་ལ་ནུས་ཤུགས་གང་ཡོད་བཏོན་པ་དང་ཀྲུང་གོ་དང་ཡོ་ནན་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་བཞག

སྤྱི་ཁྱབ་ཧྲུའུ་ཅི་ཡི་ཡང་དག་པའི་འགོ་ཁྲིད་འོག ཡོ་ནན་གུང་ཁྲན་ཏང་དང་ཡོ་ནན་སྲིད་གཞུང་། ཡོ་ནན་མི་དམངས་བཅས་ཀྱིས་སྐྱོ་སྣང་སྟོབས་ཤུགས་སུ་བསྒྱུར་ཏེ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལས་དོན་ཐད་ནས་མུ་མཐུད་དུ་གྲུབ་འབྲས་གསར་བ་ལེན་ཐུབ་པར་བདག་ལ་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཡོ་ནན་བར་གྱི་སྲོལ་རྒྱུན་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བ་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་ཡོ་ནན་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།