ལིས་ཁི་ཆང་གིས་ཐ་ཅི་ཁི་སི་ཐན་དང་ཧོ་ལན། པི་ལི་ཧྲི་བཅས་རྒྱལ་ཁབ་གསུམ་ལ་དངོས་གཞིའི་འཚམས་འདྲི་མཛད་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐ་ཅི་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ལ་སུའུ་ཨར་ཙོ་ཏ་དང་ཧོ་ལན་རྒྱལ་བོའི་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ལོས་ཐི། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁི། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི། པི་ལི་ཧྲི་རྒྱལ་བོའི་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་མུས་ཞེ་ཨར་བཅས་ཀྱིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཟླ་བཅུ་བའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་དགུ་ཉིན་བར་ཐ་ཅི་ཁི་སི་ཐན་གྱི་ཏུའུ་ཧྲང་པེ་ནས་འཚོགས་པའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སྲིད་གཞུང་གི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་བདུན་པར་ཞུགས་པར་མ་ཟད་ཐ་ཅི་ཁི་སི་ཐན་དང་ཧོ་ལན་ལ་དངོས་གཞིའི་འཚམས་འདྲི་མཛད་རྒྱུ་དང་པི་ལི་ཧྲིའི་པུའུ་ལུའུ་སེ་ཨར་ནས་འཚོགས་པའི་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་གྲོས་ཚོགས་སྐབས་བཅུ་གཉིས་པར་ཞུགས་པར་མ་ཟད་པི་ལི་ཧྲི་ལ་བྱ་བའི་འཚམས་འདྲི་མཛད་རྒྱུ་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།