ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བོད་ལྗོངས་འཐུས་ཚབ་ཚོགས་པས་ཨོ་སུ་ཁྲི་ལི་ཡ་དང་ནེའུ་ཙི་ལན་ལ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བོད་ལྗོངས་འཐུས་ཚབ་ཚོགས་པས་ཨོ་སུ་ཁྲི་ལི་ཡ་དང་ནེའུ་ཙི་ལན་རྒྱལ་ཁབ་གཉིས་ལ་འཚམས་འདྲི་བྱས་ནས། སོ་སོར་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ལས་རིགས་དང་ཕྱི་སྡོད་རང་མི་ལས་རིགས། སྨྱན་བྱད་མི་སྣ་སོགས་དང་འབྲེལ་འདྲིས་བྱས། འཐུས་ཚབ་ཚོགས་པས་བོད་ལྗོངས་གསར་རྙིང་གཉིས་ཚད་བསྡུར་བྱས་པ་བརྒྱུད་དེ། ཁྱོན་ཡོངས་ནས་བོད་ལྗོངས་ཀྱིས་དམངས་གཙོ་ཆབ་སྲིད་དང་དཔལ་འབྱོར་འཕེལ་རྒྱས། རིག་གནས་སློབ་གསོ། ཆོས་ལུགས་དད་མོས། ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ནས་བླངས་པའི་གྲུབ་འབྲས་དང་། སྤྱི་ཚོགས་རྣམ་པ་ཐད་ནས་བྱུང་བའི་གནམ་ས་བརྗེ་བ་ལྟ་བུའི་འགྱུར་ལྡོག་ངོ་སྤྲོད་བྱས།

ཕྱི་ཕྱོགས་མི་སྣས། འཐུས་ཚབ་ཚོགས་པས་ངོ་སྤྲོད་བྱས་པ་དང་དོགས་པ་སེལ་བ་དེས་ས་གནས་ཀྱི་ལས་རིགས་སོ་སོས་བོད་ལྗོངས་ཀྱི་གནས་ཚུལ་དངོས་ལ་རྒྱུས་ལོན་བྱེད་པའི་ཐད་གོ་སྐབས་བཟང་བོ་འདོན་སྤྲོད་བྱས་པ་དང་། ཨོ་སུ་ཁྲི་ལི་ཡ་དང་ནེའུ་ཙི་ལན་རྒྱལ་ཁབ་གཉིས་དང་ཀྲུང་གོ་ཕྱོགས་བར་གྱི་ཕན་ཚུན་རྒྱུས་ལོན་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།