ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཀྲུང་དབྱང་གི་ཁེ་ལས་འགོ་ཁྲིད་པའི་དོ་དམ་གཏན་འཁེལ་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ། ཀྲུང་དབྱང་གི་ཁེ་ལས་འགོ་ཁྲིད་པའི་དོ་དམ་གཏན་འཁེལ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་གཏན་འཁེལ་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ནན་ཏན་སྒོས་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན།

བརྡ་ཐོ་ལས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་ཏང་རྩ་འཛུགས་ཀྱིས་གཏན་འཁེལ་གྱི་དགོངས་དོན་ལྟར། དོ་དམ་བྱེད་པའི་རྒྱལ་དབང་ཁེ་ལས་དང་ཡང་ན་ཁོངས་སུ་གཏོགས་པའི་ཁེ་ལས་ཀྱི་འགོ་ཁྲིད་པའི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། དོན་དངོས་གཞིར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་གནད་ཕིགས་རང་བཞིན་དང་ཕན་འབྲས་རང་བཞིན་ལ་ཡིད་འཇོག་བྱེད་པ་དང་། རྟོག་ཞིབ་དང་ཞིབ་བཤེར། མཛུབ་སྟོན་བཅས་ལ་ཤུགས་བསྣན་ཏེ་དུས་ཐོག་ཏུ་གནས་ཚུལ་གསར་བར་ཞིབ་འཇུག་བྱེད་པ་དང་གནད་དོན་གསར་བ་ཐག་གཅོད་དགོས་པར་མ་ཟད། རྒྱལ་དབང་ཁེ་ལས་ཀྱི་འགོ་ཁྲིད་པའི་དཔུང་སྡེ་འཛུགས་སྐྲུན་དང་བཀོལ་སྤྱོད་བྱེད་པ་དང་དེ་ལ་དོ་དམ་བཟང་བོ་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།