ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་ཁབ་དང་ས་ཁུལ་ཉེར་དགུའི་ཀྲུང་གོར་སྡོད་པའི་གསར་བསྐོས་གཞུང་ཚབ་ཆེན་མོར་མཇལ་འཕྲད་གནང་།

    སྤེལ་དུས། : 2018-10-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9བའི་ཚེས30ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཁབ་དང་ས་ཁུལ་ཉེར་དགུའི་ཀྲུང་གོར་སྡོད་པའི་གསར་བསྐོས་གཞུང་ཚབ་ཆེན་མོར་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་རེ་རེ་ལ་ཕྱག་འཇུ་གནང་ཞོར་དུ་བརྩེ་བའི་གླེང་མོལ་མཛད། ལིས་ཁི་ཆང་གིས་གཞུང་ཚབ་ཆེན་མོ་རྣམས་ཀྲུང་གོར་འགན་འཁྲི་ལག་བསྟར་བྱེད་དུ་ཡོང་བར་དགའ་བསུ་ཞུས་པར་མ་ཟད། ཁོ་ཚོ་བརྒྱུད་དེ་འབྲེལ་ཡོད་རྒྱལ་ཁབ་སོ་སོའི་འགོ་ཁྲིད་པ་དང་མི་དམངས། འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་པར་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས། 

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་དུ་གཞོགས་འདེགས་དང་མཐུན་སྦྱོར་དམ་པོ་བྱེད་པར་ནུས་པ་འདོན་ངེས་ཡིན། གཞུང་ཚབ་ཆེན་མོ་རྣམས་ཀྱིས་ལས་གནས་གསར་བའི་སྟེང་དུ་ཀྲུང་གོ་དང་རང་རང་རྒྱལ་ཁབ་དང་ས་ཁུལ་བར་གྱི་འབྲེལ་བའི་འཕེལ་རྒྱས་ཐད་ལ་བྱས་རྗེས་གསར་བ་འཇོག་དགོས། ཀྲུང་གོ་སྲིད་གཞུང་གིས་གཞུང་ཚབ་ཆེན་མོ་རྣམས་ཀྱིས་འགན་འཁྲི་ལག་བསྟར་བཟང་བོ་བྱེད་པར་སྟབས་བདེ་དང་རྒྱབ་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།