ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཉིས་སྟོང་བཅོ་བརྒྱད་ལོའི་ཀྲུང་གོ་སྲིད་གཞུང་གི་མཛའ་བཤེས་བྱ་དགའ་ཐོབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་ཁོ་ཚོའི་གཉེན་ཉེ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དགུ་བའི་ཚེས་སུམ་ཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཉིས་སྟོང་བཅོ་བརྒྱད་ལོའི་ཀྲུང་གོ་སྲིད་གཞུང་གི་མཛའ་བཤེས་བྱ་དགའ་ཐོབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་ཁོ་ཚོའི་གཉེན་ཉེ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་མཛའ་བཤེས་བྱ་དགའ་ཐོབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པར་རྟེན་འབྲེལ་ཞུས་ཤིང་། ཁོ་ཚོས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཕྱི་ནང་གི་ཁྱབ་ཁོངས་སོ་སོའི་བརྗེ་རེས་རྒྱ་བསྐྱེད་པའི་ཐད་བྱས་རྗེས་གལ་ཆེན་བཞག་པར་གདེང་འཇོག་ཆེན་པོ་གནང་བར་མ་ཟད། ཁོ་ཚོ་བརྒྱུད་དེ་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་ཁོ་ཚོའི་གཉེན་ཉེ་ལ་བརྩེ་བའི་འཚམས་འདྲི་ཞུས།

ལིས་ཁི་ཆང་གིས་གསུངས་རྒྱུར། ཕྱི་རྒྱལ་གྱི་ཤེས་ལྡན་མི་སྣ་དང་རིག་སྟོབས་ནི་ཀྲུང་གོའི་གསར་སྐྲུན་མ་ལག་གི་གྲུབ་ཆ་གཙོ་བོ་ཞིག་ཡིན་པས། སྔར་ལས་མང་པོའི་ཕྱི་རྒྱལ་གྱི་ཆེད་མཁས་པས་ཀྲུང་གོའི་གསར་སྐྲུན་འཕེལ་རྒྱས་ཐད་ལ་ནུས་པ་ཆེན་པོ་འདོན་པར་དགའ་བསུ་ཞུ་བ་ཡིན། རྒྱལ་ཁབ་ཕྱི་ནང་གི་ཤེས་ལྡན་མི་སྣས་ལག་རྡང་སྦྲེལ་ཏེ་འཛམ་གླིང་གི་ཚན་རྩལ་གསར་སྐྲུན་དང་དཔལ་ཡོན་ཡར་ཐོན་ལ་ཤུགས་སྣོན་པ་དང་དཔལ་འབྱོར་འཛམ་གླིང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་སྲིད་གཞུང་གིས་སྔོན་ཆད་དང་འདྲ་བར་ཚང་མར་སྔར་ལས་མང་པོའི་གོ་སྐབས་གསར་སྐྲུན་བྱེད་པ་དང་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ནན་མོ་བྱེད་ངེས་ཡིན་ཟེར།

མཛའ་བཤེས་བྱ་དགའ་ཐོབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པས་ཀྲུང་གོ་སྲིད་གཞུང་གིས་བྱ་དགའ་གནང་བ་དང་ལིས་ཁི་ཆང་གིས་མཇལ་འཕྲད་གནང་བར་བཀའ་དྲིན་ཆེ་ཞུས་པར་མ་ཟད་མུ་མཐུད་དུ་ཀྲུང་གོའི་འཕེལ་རྒྱས་དང་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་འདོན་ངེས་ཡིན་ཞེས་བསྟན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།