ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དམག་དཔུང་གི་འབུམ་སྡེ་ཆེན་མོ་དོན་དགུ་པར་གཟིགས་བཤེར་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1123505155_15382188667201n.jpg

ཟླ9པའི་ཚེས27ཉིན་ནས་ཚེས28ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་དཔུང་གི་འབུམ་སྡེ་ཆེན་མོ་དོན་དགུ་པར་གཟིགས་བཤེར་མཛད་ནས། ལེའོ་ཉིན་བཅའ་སྡོད་དམག་དཔུང་གི་ཁྲི་དཔོན་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པར་མཇལ་འཕྲད་གནང་། འདི་ནི་ཚེས27ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དམག་དཔུང་གི་འབུམ་སྡེ་ཆེན་མོ་དོན་དགུ་པའི་བྱ་བའི་ཡར་ཞུ་ལ་ཉན་པར་མ་ཟད། གསུང་བཤད་གལ་ཆེན་གནང་བའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་བདུན་ཉིན་དམག་དཔུང་གི་འབུམ་སྡེ་ཆེན་མོ་དོན་དགུ་པར་གཟིགས་བཤེར་མཛད་དེ། དུས་རབས་གསར་པའི་དམག་སྐྱེད་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། གནས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་ལེན་མཐའ་འཁྱོལ་བྱས་ནས། ཆབ་སྲིད་དམག་འཛུགས་དང་བཅོས་སྒྱུར་དམག་འཛུགས། ཚན་རྩལ་དམག་དར། ཁྲིམས་ལྟར་དམག་སྐྱོང་བཅས་རྒྱུན་འཁྱོངས་དང་། དངོས་འཐབ་བླང་བྱ་ལག་བསྟར་དང་། འགན་འཁྲི་ལས་འགན་དང་དམ་སྦྲེལ། བཅོས་སྒྱུར་རིམ་སྤོར་ཟབ་སྤེལ། དཔོན་དམག་གཙོ་གཞི་དམ་འཛིན་བཅས་རྒྱུན་འཁྱོངས་བྱས་ནས། དམག་སྦྱོང་དང་དམག་འཁྲུག་གྲ་སྒྲིག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། རྣམ་པར་རྒྱལ་བའི་ནུས་པ་མྱུར་དུ་མཐོར་འདེགས་བྱས་ཏེ། ཏང་དང་མི་དམངས་ཀྱིས་གནང་བའི་འགན་འཁྲི་ལས་འགན་ལག་བསྟར་བཟང་པོ་བྱེད་དགོས།

ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་། ཞི་ཅིན་ཕིང་དམག་དཔུང་གི་འབུམ་སྡེ་ཆེན་མོ་དོན་དགུ་པའི་སྐམ་མཁའ་སྟོང་ཤོག་ག་གེ་མོའི་སྦྱོང་བརྡར་ར་བར་ཕེབས། ཁོང་གིས་ཐོག་མར་དམག་དཔུང་གིས་འབྲེལ་ཡོད་ལས་འགན་ལག་བསྟར་བྱས་པའི་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན། དེའི་རྗེས་སུ་ཞི་ཅིན་ཕིང་གིས་དམག་དཔུང་གི་མཚོན་ཆ་དང་སྒྲིག་ཆས་ལ་གཟིགས་བཤེར་མཛད་པར་མ་ཟད། ཡུལ་དངོས་ནས་དམག་དཔུང་གི་འགུལ་སྐྱོད་སྦྱོང་བརྡར་ལ་གཟིགས། སྦྱོར་བརྡར་ར་བ་དང་འབྲལ་སྐབས། ཞི་ཅིན་ཕིང་དམག་དཔུང་གི་འབུམ་སྡེ་ཆེན་མོ་དོན་དགུ་པའི་ལས་ཁུངས་སུ་ཕེབས་ནས། འབུམ་སྡེ་ཆནེ་མོའི་ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་དང་ཁོངས་གཏོགས་དམག་དཔུང་གི་མདའ་དཔོན་ཡན་གྱི་ལས་བྱེད་པར་མཇལ་འཕྲད་གནང་བ་དང་། ཚང་མར་བརྩེ་བའི་ཕྱག་འཇུ་གནང་བར་མ་ཟད་དྲན་རྟེན་མཉམ་པར་བླངས།

དེའི་རྗེས་སུ། ཞི་ཅིན་ཕིང་གིས་འབུམ་སྡེ་ཆེན་མོའི་བྱ་བའི་ཡར་ཞུ་ལ་ཉན་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། འཐབ་འཛིང་རུ་ཁག་གི་བསམ་བློ་ཇེ་དྲག་ཏུ་གཏོང་བ་དང་། འཐབ་འཛིང་ནུས་ཤུགས་ཀྱི་ཚད་གཞི་རྒྱུན་འཁྱོངས་བྱེད་པ། དངོས་འཐབ་ལས་རིང་དུ་བྲལག་བའི་བསམ་བློ་དང་སྦྱོར་བ་རྩ་བ་ནས་སེལ་བ་བཅས་བྱས་ཏེ། དངོས་འཐབ་ཀྱི་བླང་བྱ་དེ་དམག་སྦྱོང་དང་དམག་འཁྲུག་གྲ་སྒྲིག་གི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་དངོས་འབེབས་བྱེད་དགོས། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། དམག་འཁྲུག་གི་ལས་འགན་དང་དམག་འཁྲུག་གི་དོ་ཟླ། དམག་འཁྲུག་གི་ཁོར་ཡུག་བཅས་ལ་དམ་དུ་སྦྲེལ་བ་བཅས་བྱས་ནས། འཐབ་ཇུས་དང་གཡུལ་སའི་རང་འགུལ་དབང་ཆ་དམ་དུ་འཛིན་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། བསམ་བློ་དང་ཆབ་སྲིད་ཀྱི་སྟེང་ནས་དམག་དཔུང་འཛུགས་སྐྲུན་དང་དམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་དུས་རབས་གསར་པའི་ཏང་གི་དམག་སྐྱེད་དགོངས་པས་དཔོན་དམག་གི་བསམ་བློར་དྲག་ཆས་སྤྲས་ནས། གཟི་བརྗིད་ཀྱི་སྲོལ་རྒྱུན་སློབ་གསོ་དང་འཐབ་འཛིང་སྙིང་སྟོབས་ཀྱི་སྐྱེད་སྲིང་ལ་ཤུགས་སྣོན་པ་དང་། གཞི་རིམ་གྱི་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་པ། དམག་དཔུང་གིས་ཏང་གི་བཀོད་འདོམས་ལ་ཉན་པའི་བསམ་བློ་དང་ཆབ་སྲིད་རྨང་གཞི་བརྟན་པོ་འདིང་བ་བཅས་བྱས་ནས། དཔོན་དམག་གིས་དམག་འཁྲུག་རྒྱག་ཕོད་པ་དང་རྣམ་པར་རྒྱལ་ངེས་པའི་ཡིད་ཆེས་བརྟན་པོ་ཇེ་དྲག་ཏུ་གཏོང་དགོས། རིམ་པ་སོ་སོས་ལྷག་བསམ་རྣམ་དག་གིས་དཔོན་དམག་ལ་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ། རང་འགུལ་སྒོས་དཔོན་དམག་གི་དཀའ་ངལ་ཐག་གཅོད་པ་དང་། དཔོན་དམག་རྣམས་ལ་དམག་སྦྱོང་དང་དམག་འཁྲུག་གྲ་སྒྲིག་གི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལེགས་པོར་འདོན་དུ་བཅུག་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་དམག་སྐྱེད་ལས་དོན་གོང་འཕེལ་དུ་གཏོང་དགོས་ཟེར།

ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཧྲིན་དབྱང་ནས་ལེའོ་ཉིན་བཅའ་སྡོད་དམག་དཔུང་གི་ཁྲི་དཔོན་གཞོན་པ་ཡིན་གྱི་འགོ་ཁྲིད་ལས་བྱེད་པར་མཇལ་འཕྲད་གནང་བ་དང་། དྲན་རྟེན་མཉམ་པར་བླངས།

ཀྲང་ཡུག་ཞ་སོགས་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།