ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཞང་ཀང་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1123504981_15382271354301n.jpg

ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཞང་ཀང་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་བར་མ་ཟད། ཁོ་ཚོ་དང་བརྗེ་རེས་བྱས་ཏེ་དྲན་རྟེན་མཉམ་པར་བསྐྱོན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཞང་ཀང་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་བར་མ་ཟད། ཁོ་ཚོ་དང་བརྗེ་རེས་བྱས་ཏེ་དྲན་རྟེན་མཉམ་པར་བསྐྱོན། 

ཧན་ཀྲིན་གྱིས་ཞང་ཀང་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་ཆེད་དུ་རྟེན་འབྲེལ་ཞུས་པ་དང་། ཞང་ཀང་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་ཡུན་རིང་བོར་ཞང་ཀང་གི་ལས་རིགས་སོ་སོའི་མང་ཚོགས་དང་མཐུན་སྒྲིལ་དམ་ཟབ་བྱས་པ་དང་། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་བརྩོན་ལེན་བྱེད་པ། དམིགས་བསལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བར་རྒྱབ་སྐྱོར་བྱས་ཏེ། ཞང་ཀང་དར་རྒྱས་གོང་འཕེལ་དང་གཏན་འཇགས་ཡོང་བའི་ཐད་ལ་ནུས་པ་གལ་ཆེན་བཏོན་ཟེར། 

ཧན་ཀྲིན་གྱིས་ཞང་ཀང་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡང་འབད་བསྐྱར་འབད་བྱས་ཏེ། རྒྱལ་གཅེས་ཀང་གཅེས་ཀྱི་གོམས་སྲོལ་དར་སྤེལ་བྱེད་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལས་དོན་ཡུན་རིང་གཏན་འཇགས་ཡོང་བར་སྐུལ་འདེད་གཏོང་བ། ཧུར་ཐག་གི་སྒོ་ནས་བློ་འདོན་ཇུས་འབུལ་བྱས་ནས། ནང་ལོག་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། ཀོང་ཏུང་ཞང་ཀང་ཨོ་མིན་ཁུག་ཁུལ་ཆེན་མོ་མཉམ་བསྐྲུན་བྱས་ཏེ། ཞང་ཀང་སྔར་ལས་ལེགས་པའི་སྒོ་ནས་རྒྱལ་ཁབ་ཀྱི་ཆེ་ཕྱོགས་འཕེལ་རྒྱས་ཁྲོད་འདྲེས་པར་བྱེད་དགོས་པའི་རེ་བ་བཏོན། 

ཀོང་ཏུང་ཞང་ཀང་ཨོ་མིན་ཁུག་ཁུལ་ཆེན་མོའི་ཚོགས་གཙོ། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཝུའུ་ཆིག་པེ་དང་། ཞང་ཀང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧོང་ཀོ་གཉིས་ཀྱིས་སོ་སོར་གཏམ་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།