ཀྲུང་གོ་བོད་ཀྱི་དྲ་བ།

​ཝང་དབྱང་གིས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20180929093225fo6T.jpg

ཟླ9པའི་ཚེས28ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིན་ནས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པའི་ཚོགས་མི་ཡོངས་ལ་བརྩེ་བའི་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས་ཉེར་བརྒྱད་ཉིན་པེ་ཅིན་ནས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པའི་ཚོགས་མི་ཡོངས་ལ་བརྩེ་བའི་མཇལ་འཕྲད་གནང་། ཁོང་གིས་བསྟན་དོན། གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པ་རྩ་འཛུགས་བྱེད་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སེམས་པ་མི་དམངས་མང་ཚོགས་དང་མཉམ་དུ་གནས་ཡོད་པའི་གསོན་ཉམས་ལྡན་པའི་མཚོན་བྱེད་ཅིག་ཡིན་པར་མ་ཟད། ཏང་གི་མི་རིགས་བྱ་བའི་ཕུལ་བྱུང་སྲོལ་རྒྱུན་དང་རིགས་སོ་སོའི་མི་རིགས་བར་མཉམ་འགྲོ་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་བའི་ལམ་ལུགས་གལ་ཆེན་གྱི་བཀོད་སྒྲིག་ཅིག་རེད། ཐེངས་འདིའི་ལྟ་སྐོར་དང་སློབ་སྦྱོང་བརྒྱུད་ནས་ཤེས་རྒྱ་ཇེ་ཆེ་དང་ལྟ་རྒྱ་ཇེ་ཆེ། མཛའ་བརྩེ་ཇེ་ཟབ། མེས་རྒྱལ་བཅོས་སྒྱུར་འཕེལ་རྒྱས་ཀྱི་རླབས་ཆེན་གྲུབ་འབྲས་ཉམས་སུ་མྱོང་བ། མི་རིགས་མང་པོའི་ཁྱིམ་གཞི་ཆེན་མོའི་དྲོལ་ཁོལ་ཚོར་ཐུབ་པ། རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངེས་ཤེས་བཅས་ལ་སྔར་ལས་སྐུལ་འདེད་གཏོང་ཐུབ་པས། འདི་ནི་ཆེས་རིན་ཐང་བྲལ་བའི་མི་ཚེའི་བརྒྱུད་རིམ་དང་བསམ་བློའི་རྒྱུ་ནོར་ལ་ཁབ་གསབ་བྱས་པ་ཞིག་རེད་ཟེར།  

ཝང་དབྱང་གིས་ལྟ་སྐོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་ཐོག་མཐའ་བར་གསུམ་ཀུན་ཏུ་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྲུང་སྐྱོང་མཁན་བྱེད་པར་སྐུལ་མ་བཏང་བར་མ་ཟད། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པ། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་ནས་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་བྱེད་པ་དང་། ཏང་གི་འབོད་སྐུལ་ཧུར་ཐག་གིས་དང་དུ་བླངས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ནན་ཏན་གྱིས་ལག་བསྟར་དངོས་འབེབ་བྱེད་དགོས་པའི་རེ་བ་བཏོན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུང་ཁྲོན་ལན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུག་ཆོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་པ་ཐུར་བཅས་མཇལ་འཕྲད་ལ་ཞུགས། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པ་ནི་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་པ་དང་། ཚོགས་མི་ཉིས་བརྒྱ་དང་བཅུ་བཞི་ཡོད་ལ། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་ས་ཁུལ། གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ནས་ཡོང་བ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།