​ཀྲའོ་ལི་ཅི་ཡིས་ལའོ་ཝའོ་ལ་དངོས་གཞིའི་མཛའ་མཐུན་མཚམས་འདྲི་མཛད།

1123485080_15379372107821n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9པའི་ཚེས23ཉིན་ནས་ཚེས26ཉིན་བར། ལའོ་ཝའོ་མི་དམངས་གསར་བརྗེ་ཏང་གིས་གདན་དྲངས་པ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་ལའོ་ཝའོ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད། འདི་ནི་ཟླ9པའི་ཚེས24ཉིན། ཀྲའོ་ལི་ཅི་ཡིས་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པིན་དབྱང་ལ་མཇལ་འཕྲད་གནང་བའི་ཚུལ་རེད།

ལའོ་ཝའོ་མི་དམངས་གསར་བརྗེ་ཏང་གིས་གདན་དྲངས་པ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་ཟླ་དགུ་པའི་ཚེས་ཉེར་གསུམ་ཉིན་ནས་ཉེར་དྲུག་ཉིན་བར་ལའོ་ཝའོ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་ནས། ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པིན་དབྱང་དང་། སྲིད་གཞུང་གི་ཙུང་ལི་ཐུང་ལུན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཕན་ཁན་བཅས་ལ་སོ་སོར་མཇལ་འཕྲད་གནང་བར་མ་ཟད། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་པིན་ཐུང་དང་གྲོས་མོལ་མཛད།

ཀྲའོ་ལི་ཅི་ཡིས་ཞི་ཅིན་ཕིང་གིས་པིན་དབྱང་ལ་བརྩེ་བའི་འཚམས་འདྲི་མཛད་པ་བརྒྱུད་བསྒྲགས་གནང་། ཀྲའོ་ལི་ཅི་ཡིས་གསུངས་རྒྱུར། ཀྲུང་གོ་དང་ལའོ་ཝའོ་རྒྱལ་ཁབ་གཉིས་ནི་ནམ་ཡིན་ཡང་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ། བློ་མཐུན་བཟང་པོ། སྤུན་ཟླ་བཟང་པོ་བཅས་ཡིན། ང་ཐེངས་འདིར་འཚམས་འདྲིར་ཡོང་བའི་དམིགས་ཡུལ་ནི་ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིའི་ཐུན་མོང་གི་ལྟ་བ་གལ་ཆེན་དངོས་འབེབས་བྱས་ནས། འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཡིད་ཆེས་སྲ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་ཟབ་སྤེལ་བྱེད་པ་བཅས་ཡིན། ཀྲུང་གོ་དང་ལའོ་ཝའོ་བར་གྱི་ལྕགས་ལམ་ནི་རྒྱུད་གཅིག་ལམ་གཅིག་མཉམ་ལས་ཀྱི་དཔེ་སྟོན་ལས་གཞི་ཡིན་པས། ཀྲུང་གོས་དེར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ལས་གཞི་ཆེན་པོའི་མཉམ་ལས་བརྒྱུད་དེ། ཀྲུང་གོ་དང་ལའོ་ཝའོ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་སྤེལ་དང་གོང་འཕེལ་དུ་གཏོང་འདོད་ཡོད་ཟེར། ཀྲའོ་ལི་ཅི་ཡིས་ཀྲུང་གོ་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གནས་ཚུལ་མཚམས་སྦྱོར་མཛད་པ་དང་། ཏང་གཉིས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་བརྗེ་རེས་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ནས། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འཛུགས་སྐྲུན་སྤེལ་བར་ཁག་ཐེག་བྱེད་འདོད་ཡོད་ཅེས་བསྟན།

ཐུང་ལུན་ལ་མཇལ་འཕྲད་གནང་སྐབས། ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོས་ལའོ་ཝའོ་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་མྱུར་དུ་སྤེལ་བ་དང་། ལའོ་ཝའོ་བར་གྱི་འཕེལ་རྒྱས་འཐབ་ཇུས་མྱུར་དུ་སྦྲེལ་མཐུད་བྱས་ནས། ཀྲུང་གོ་དང་ལའོ་ཝའོ་བར་གྱི་ལྕགས་ལམ་དང་། ཀྲུང་གོ་དང་ལའོ་ཝའོ་དཔལ་འབྱོར་བར་ཁྱམས་སོགས་མཉམ་ལས་ལས་གཞི་འཛུགས་སྐྲུན་བྱེད་འདོད་ཡོད་ལ། ཀྲུང་གོ་དང་ལའོ་ཝའོ་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ལའོ་ཝའོ་གཉིས་ཀྱི་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་པ་འཛུགས་པར་སྔར་ལས་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཕན་ཁན་ལ་མཇལ་འཕྲད་གནང་སྐས། ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོས་ལའོ་ཝའོ་ཕྱོགས་དང་མཉམ་དུ། ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྐོར་གྱི་འཐབ་ཇུས་ཇུས་ཆོད་གལ་ཆེན་དངོས་འབེབས་བྱེད་པ་དང་། ཕྱོགས་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས། མི་ཆོས་སོགས་ཐད་ཀྱི་བརྗེ་རེས་མཉམ་ལས་ལ་མུ་མཐུད་དུ་ཤུགས་བསྣན་ནས། གྲུབ་འབྲས་ངོ་མས་ཀྲུང་གོ་དང་ལའོ་ཝའོ་གཉིས་ཀྱི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་འཛུགས་སྐྲུན་ལ་གཞོགས་འདེགས་བྱེད་འདོད་ཡོད་ཟེར།

པིན་ཐུང་དང་གྲོས་མོལ་མཛད་སྐབས། ཀྲའོ་ལི་ཅི་ཡིས་གསུངས་རྒྱུར། ཀྲུང་གོ་དང་ལའོ་ཝའོ་ཡི་ཏང་གཉིས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཡུན་རིང་པོར་མཛའ་མཐུན་འབྲེལ་འདྲིས་བྱས་ཡོད་ལ། ཕྱོགས་གཉིས་ཀྱིས་རུལ་སུངས་ངོ་རྒོལ་ཁྱབ་ཁོངས་ནས་ནུས་ལྡན་གྱི་མཉམ་ལས་བྱས་ཡོད། ཕྱོགས་གཉིས་ཀྱིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་འབྲེལ་འདྲིས་མུ་མཐུད་དུ་ཟབ་སྤེལ་བྱས་ཏེ། ཀྲུང་གོ་དང་ལའོ་ཝའོ་ཡི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་བརླིང་ངང་གོང་འཕེལ་དུ་གཏོང་རྒྱུ་ནི་ང་ཚོའི་རེ་བ་ཡིན་ཟེར། ཕྱོགས་གཉི་ག་མཉམ་དུ་ཀྲུང་གོ་དང་ལའོ་ཝའོ་ཡི་འབྲེལ་ཡོད་མཉམ་ལས་གྲོས་མཐུན་འགོད་པའི་མཛད་སྒོར་ཞུགས།

འཚམས་འདྲི་མཛད་སྐབས། ཀྲའོ་ལི་ཅི་ཡིས་ད་དུང་པིན་ཐུང་དང་མཉམ་དུ་ཀྲུང་གོ་དང་ལའོ་ཝའོ་བར་གྱི་ལྕགས་ལས་གཞིའི་བྱ་བ་སྒྲུབ་མཁན་ལ་འཚམས་འདྲི་མཛད་པར་མ་ཟད། མཉམ་དུ་ཀྲུང་གོ་དང་ལའོ་ཝའོ་བར་གྱི་ལྕགས་སྤྱོད་གཙང་འཛུགས་སྐྲུན་གྱི་ཡར་ཞུ་ཚོགས་འདུར་ཞུགས།


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།