ཀྲུང་གོ་བོད་ཀྱི་དྲ་བ།

​སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་བཅུ་བ་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1123481404_15378825462531n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་བཅུ་བ་ཚེས་ཉེར་ལྔ་ཉིན་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཝང་དབྱང་གིས་གསུངས་རྒྱུར། ཆེད་དོན་ཨུ་ཡོན་ལྷན་ཁང་གིས་དུས་བཅད་ལྟར་ཀྲུའུ་ཞིའི་གྲོས་ཚོགས་ལ་བྱ་བ་ཡར་ཞུ་བྱེད་པ་ནི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བར་ཤུགས་སྣོན་པའི་བྱེད་ཐབས་གསར་བ་ཞིག་ཡིན་པས། བྱ་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་བྱ་བའི་ཉམས་མྱོང་བརྗེ་རེས་བྱེད་པ། བྱ་བའི་སྤུས་ཚད་ཇེ་མཐོར་གཏོང་བར་ཕན་པ་ཡོད་ཟེར།

ཝང་དབྱང་གིས་བསྟན་དོན། ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བ་བཟང་བོར་བསྒྲུབ་སྐབས། གཅིག སློབ་སྦྱོང་ལ་ཤུགས་སྣོན་དགོས། གཉིས། འགན་འཁྲི་ལག་བསྟར་ནན་མོ་བྱེད་དགོས། གསུམ། རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ཟེར།

ཚོགས་ཐོག་ནས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་དང་ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་། མི་གྲངས་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་བཅས་ཀྱི་བྱ་བ་ཡར་ཞུ་བྱས་པར་ཉན་པར་མ་ཟད། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་ཀྲུའུ་ཞིའི་གྲོས་ཚོགས་ཀྱི་བྱ་བའི་སྒྲིག་སྲོལ་བཟོ་བཅོས་འཆར་ཟིན་དང་དྲུང་ཡིག་ཆེན་མོའི་གྲོས་ཚོགས་བྱ་བའི་སྒྲིག་སྲོལ་བཟོ་བཅོས་འཆར་ཟིན། ཆེད་དོན་ཨུ་ཡོན་ལྷན་ཁང་གི་སྒྲིག་སྲོལ་བཟོ་བཅོས་འཆར་ཟིན་བཅས་ལ་གྲོས་ཞིབ་བྱས་ཏེ་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་བ་དང་། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སྙོམས་སྒྲིག་མིང་ཐོ་དང་འབྲེལ་ཡོད་མི་དོན་དོན་དག་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།