ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧེ་ནས་འཇར་པན་ཁྲོང་ཅ་སློབ་ཚོགས་ཀྱི་ཚོགས་གཙོ་ཡོན་ཐེན་རིན་འཁོར་དང་བཅས་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9བའི་ཚེས25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧེ་ནས་འཇར་པན་ཁྲོང་ཅ་སློབ་ཚོགས་ཀྱི་ཚོགས་གཙོ་ཡོན་ཐེན་རིན་འཁོར་དང་བཅས་པར་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་གསུངས་རྒྱུར། ཀྲུང་གོ་དང་འཇར་པན་ཞི་བདེ་མཛའ་མཐུན་ཡོང་བ་ནི་རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། ལག་ལེན་བརྒྱུད་དེ་ཐོབ་པའི་རྗེས་དཔག་གི་གདམ་གསེས་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བའི་བགྲོད་ལམ་ཡིན། ཉེ་བའི་དུས་སྐབས་སུ་ཀྲུང་གོ་དང་འཇར་པན་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དང་ཀྲུང་གོ་དང་འཇར་པན་བར་དུ་ཞི་བདེ་མཛའ་མཐུན་ཆིངས་ཡིག་བཀོད་ནས་ལོ་བཞི་བཅུ་ལོན་པ་གོ་སྐབས་སུ་བཟུང་སྟེ། ཀྲུང་གོ་འཇར་པན་བར་གྱི་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་འགྲོ་འོང་ལ་ཤུགས་སྣོན་ཞིང་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་། ཡིད་ཆེས་ཇེ་བརྟན་དང་མཉམ་ལས་རྒྱ་བསྐྱེད་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་འབྲེལ་བའི་རྨང་གཞི་སྲ་བརྟན་དུ་བཏང་ནས། ཀྲུང་གོ་དང་འཇར་པན་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཆེན་པོ་འདོན་དགོས་ཟེར།

ཡོན་ཐེན་རིན་གྱིས་བཤད་རྒྱུར། ཁྲོང་ཅ་སློབ་ཚོགས་ཀྱིས་བློ་བརྟན་འགྱུར་མེད་སྒོས་འཇར་པན་དང་ཀྲུང་གོའི་ཞི་བདེ་མཛའ་མཐུན་འབྲེལ་བར་ནུས་པ་ཆེན་པོ་འདོན་པར་མ་ཟད་རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་བྱས་ཏེ་འཇར་པན་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ཐད་ལ་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།