ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་ཁྲུན་ཧྭ་ཡིས་ཞང་སྡེ་དར་སྤེལ་བྱེད་པའི་མཉམ་ཤུགས་ཆེན་པོ་ཕྱོགས་ཡོངས་ནས་གཅིག་སྡུད་བྱེད་དགོས་ཞེས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་སྐབས་དང་པོའི་བྱ་འགུལ་གཙོ་བོ་ཚེས་ཉེར་གསུམ་ཉིན་པེ་ཅིན་ནས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་སྐབས་དང་པོའི་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་གྲུབ་འབྲས་འགྲེམ་སྟོན་བྱས་ནས། ཞིང་པ་གྲོགས་པོ་རྣམས་དང་མཉམ་དུ་ལོ་ལེགས་འཕེལ་བའི་དགའ་སྟོན་ལ་རོལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་བྱ་འགུལ་ལ་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

ཧུའུ་ཁྲུན་ཧྭ་ཡིས་ནན་གྱིས་བསྟན་དོན། ཞིང་སྡེ་བཅོས་སྒྱུར་བྱས་ཏེ་ལོ་བཞི་བཅུ་འགོར་བའི་ལོ་དང་།ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་འགོ་བརྩམས་པའི་ལོ་འདི་ལ་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་བཙུགས་པ་ལས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཞིང་གསུམ་བྱ་བར་ཚད་མཐོའི་མཐོང་ཆེན་གནང་བ་དང་རྒྱ་ཆེའི་ཞིང་པར་བརྩེ་བའི་ཐུགས་ཁུར་གནང་བ་མཚོན་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་ཟབ་མོ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར། ལོ་ལེགས་དུས་ཆེན་བཟང་པོར་སྒྲུབ་པ་གོ་སྐབས་སུ་བརྩིས་ནས། ཀྲུང་གོའི་སོ་ནམ་དཔལ་ཡོན་དར་སྤེལ་ཆེན་པོ་བྱེད་པ་དང་། ཞང་སྡེའི་རིན་ཐང་མངོན་མཚོན་བྱེད་པ། སྤྱི་ཚོགས་ཡོངས་ཀྱིས་ཞིང་ལས་ལ་གཙིགས་ཆེན་དང་ཞིང་སྡེ་ལ་སེམས་ཁུར། ཞིང་པར་གཅེས་སྐྱོང་བཅས་བྱེད་པའི་སྣང་ཚུལ་ཟབ་མོ་བསྐྲུན་པ། ཞིང་པ་དུང་ཕྱུར་མང་པོའི་ཞིང་ལས་ལ་གཙིགས་འཛིན་བྱེད་པ་དང་ཞིང་ལས་གཉེར་བའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱས་ནས། ཞང་སྡེ་དར་སྤེལ་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པའི་མཉམ་ཤུགས་ཆེན་པོ་ཕྱོགས་ཡོངས་ནས་གཅིག་སྡུད་བྱེད་དགོས་ཟེར།

བྱ་འགུལ་གྱི་སྐབས། ཧུའུ་ཁྲུན་ཧྭ་ཡིས་ད་དུང་ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་ཡོངས་པ་ཞིང་པ་བཟང་པོ་བཅུ་ལ་དཔང་ཡིག་གནང་། ཞིང་པ་ངལ་རྩོལ་དཔེ་ལེགས་ཅན་གྱི་འཐུས་མི་དང་། པེ་ཅིན་གྲོང་ཁྱེར་གྱི་ཞིང་པའི་འཐུས་མི་སོགས་བྱ་འགུལ་གཙོ་བོར་ཞུགས། དེ་དང་དུས་མཉམ་དུ་རྒྱལ་ཡོངས་ཀྱི་ཡན་ལག་ཚོགས་ར་དྲུག་དང་ས་ཁུལ་སོ་སོ་ནས་དགའ་སྟོན་གྱི་བྱ་འགུལ་རྣམ་པ་སྣ་ཚོགས་སྤེལ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།