ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་སིང་ག་ཕོར་ལ་འཚམས་འདྲི་མཛད་པར་མ་ཟད་ཀྲུང་གོ་དང་སིང་ག་ཕོར་ཕྱོགས་གཉིས་ཀྱི་མཉམ་ལས་རྐྱེན་སྲོལ་གྲོས་ཚོགས་ལ་འགོ་འཛིན་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་པའི་ཚེས་བཅུ་དགུ་ཉིན་ནས་ཉེར་གཅིག་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་སིང་ག་ཕོར་ལ་འཚམས་འདྲི་མཛད་ནས། སིང་ག་ཕོར་གྱི་ཙུང་ཐུང་ཧ་ལེ་མཱ་དང་། ཕུང་ལི་ལིས་ཞན་ལུང་། ཙུང་ལི་གཞོན་པ་ཀྲང་ཀྲི་ཞན། ཙུང་ལི་གཞོན་པ་ཧྲང་ཏ་མན་བཅས་ལ་སོ་སོར་མཇལ་འཕྲད་གནང་བར་མ་ཟད། ཀྲང་ཀྲི་ཞན་དང་མཉམ་དུ་ཀྲུང་གོ་དང་སིང་ག་ཕོར་གྱི་ཕྱོགས་གཉིས་མཉམ་ལས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པ་དང་། སུའུ་ཀྲིག་བཟོ་ལས་གླིང་ཁུལ་གྱི་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ཚོགས་པའི་གྲོས་ཚོགས་ཐེངས་བཅུ་དགུ་པ། ཐེན་ཅིན་སྐྱེ་ཁམས་གྲོང་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ཚོགས་པའི་གྲོས་ཚོགས་ཐེངས་བཅུ་པ་དང་ཀྲུང་གོ་དང་སིང་ག་ཕོར་གྱི་འཐབ་ཇུས་རང་བཞིན་གྱི་མཉམ་འབྲེལ་དཔེ་སྟོན་ལས་གཞིའི་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ཚོགས་པའི་གྲོས་ཚོགས་ཐེངས་གཉིས་པ་བཅས་ལ་འགོ་འཛིན་མཛད།

སིང་ག་ཕོར་ཕྱོགས་ཀྱི་འགོ་ཁྲིད་པར་མཇལ་འཕྲད་གནང་སྐབས། ཧན་ཀྲིན་གྱིས་གསུངས་རྒྱུར། ཀྲུང་གོ་དང་སིང་ག་ཕོར་ཕྱོགས་གཉིས་ཀྱིས་ཕ་རོལ་བའི་འཕེལ་རྒྱས་དེ་རང་གི་གོ་སྐབས་སུ་བརྩིས་ནས། གསར་གཏོད་རང་བཞིན་གྱིས་ཕན་ཚུན་སློབ་སྦྱོང་དང་གཉིས་ཕན་མཉམ་རྒྱལ་གྱི་ལམ་དུ་སྐྱོད་བཞིན་ཡོད། ཉིས་སྟོང་བཅོ་ལྔ་ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སིང་ག་ཕོར་ལ་རྒྱལ་དོན་འཚམས་འདྲི་མཛད་ནས། རྒྱལ་ཁབ་གཉིས་ཀྱིས་བབ་བསྟུན་མདུན་སྐྱོད་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་པས། ཕྱོགས་གཉིས་ཀྱི་འབྲེལ་བ་དུས་སྐབས་གསར་པར་སླེབས། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཐེངས་མང་པོར་ཐུག་འཕྲད་བྱས་ཏེ། དུས་སྐབས་གསར་པའི་ཀྲུང་གོ་དང་སིང་ག་ཕོར་གྱི་མཉམ་ལས་སྤེལ་བའི་ཐད་ནས་ཐུན་མོང་གི་ལྟ་བ་རབ་དང་རིམ་པ་བྱུང་ཡོད། ཕྱོགས་གཉིས་ཀྱིས་དངོས་འབེབས་དམ་འཛིན་བྱས་ཏེ། དུས་རིམ་རྗེས་མའི་མཐོ་རིམ་འགྲོ་འོང་གལ་ཆེན་ལ་གྲ་སྒྲིག་གང་ལེགས་བྱེད་དགོས་པ་དང་། འཐབ་ཇུས་འབྲེལ་འདྲིས་དང་གོང་རིམ་ཇུས་འགོད་ལ་ཤུགས་བསྣན་ནས། མ་འོངས་པའི་མཉམ་ལས་ཀྱི་ཁ་ཕྱོགས་དང་གཙོ་གནད་ལ་འཆར་འགོད་བཟང་པོ་བྱས་ཏེ། ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བ་བབ་བསྟུན་མདུན་སྐྱོད་ཀྱིས་གོང་འཕེལ་དུ་གཏོང་དགོས་ཟེར།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། དེང་སྐབས་རྙོག་འཛིང་ཆེ་བའི་གནས་བབ་འོག་ཏུ། ཕྱོགས་གཉིས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་བསྣན་ནས། ལག་གདང་མཉམ་སྦྲེལ་གྱིས་འགྲན་རྩོད་ལ་ཁ་གཏད་འཇལ་དགོས་པ་དང་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས། སིང་ག་ཕོར་ནི་ད་ལོའི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན། ཀྲུང་གོས་སིང་ག་ཕོར་དང་མཉམ་དུ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་བཅོ་ལྔ་ལོན་པ་གོ་སྐབས་སུ་བརྩིས་ནས། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་པ་འཛུགས་པ་དང་། ཕྱོགས་མང་རང་དབང་ཉོ་འཚོང་སྒྲིག་སྲོལ་ལ་མཉམ་དུ་སྲུང་སྐྱོབ་བྱས་ཏེ། ས་ཁུལ་དང་འཛམ་གླིང་གི་གཏན་འཇགས་དར་རྒྱས་ཐད་བྱས་རྗེས་བཟང་པོ་འཇོག་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།