ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་འཐུས་ཚབ་ཚོགས་པ་ཉིན་ཞ་ནས་ཕྱིར་པེ་ཅིན་དུ་ལོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གླག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་གཙོ་ཡིན་པའི་ཀྲུང་དབྱང་འཐུས་ཚབ་ཚོགས་པ་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་བཙུགས་ནས་ལོ་དྲུག་ཅུ་ལོན་པའི་དགའ་སྟོན་བྱ་འགུལ་ལ་ཞུགས་པ་དང་། ཉིན་ཞའི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་མཛད་པར་མ་ཟད། ས་དེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་མཛད་རྗེས། ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་ཉིན་ཞ་ནས་གནམ་གྲུར་བསྡད་དེ་ཕྱིར་པེ་ཅིན་དུ་ལོག

ཀྲུང་དབྱང་འཐུས་ཚབ་ཚོགས་པ་ནི་ཟླ་དགུ་པའི་ཚེས་བཅུ་དགུ་ཉིན་པེ་ཅིན་ནས་དབྱིན་ཁྲོན་ལ་སོང་སྟེ། ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་བཙུགས་ནས་ལོ་དྲུག་ཅུ་ལོན་པའི་དགའ་སྟོན་བྱ་འགུལ་ལ་ཞུགས་པ་རེད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།