ཀྲུང་གོ་བོད་ཀྱི་དྲ་བ།

ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་བཙུགས་ནས་ལོ་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཧི་ལན་རི་བོའི་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1123462235_15374636464481n.jpg

ཟླ9བའི་ཚེས20ཉིན་གྱི་ཕྱི་དྲོར། ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་བཙུགས་ནས་ལོ་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཧི་ལན་རི་བོའི་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་ཚོགས།

1123462099_15374577091841n.jpg

ཟླ9བའི་ཚེས20ཉིན་གྱི་ཕྱི་དྲོར། ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་བཙུགས་ནས་ལོ་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཧི་ལན་རི་བོའི་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཝང་དབྱང་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས20ཉིན་གྱི་ཕྱི་དྲོར། ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་བཙུགས་ནས་ལོ་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཧི་ལན་རི་བོའི་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་ཚོགས། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཝང་དབྱང་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཉིན་དེའི་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་། ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཞན་ཧོས་ཀྱིས་ཚོགས་ཆེན་དངོས་སུ་འགོ་བརྩམས་པ་ཁྱབ་སྒྲོག་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་སུན་ཁྲོན་ལན་གྱིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་བཙུགས་ནས་ལོ་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་སྒྲོག་འདོན་བྱས།

ཚོགས་ཆེན་སྟེང་ཝང་དབྱང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་མཛད་དེ་རང་སྐྱོང་ལྗོངས་བཙུགས་ནས་ལོ་དྲུག་ཅུ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་ཉིན་ཞའི་རིགས་སོ་སོའི་བུ་དང་བུ་མོ་ས་ཡ་དྲུག་དང་འབུམ་བརྒྱད་ལྷག་ལ་དུས་ཆེན་གྱི་འཚམས་འདྲི་ཞུས།

ཝང་དབྱང་གིས་གསུངས་རྒྱུར། ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་བཙུགས་ནས་ལོ་དྲུག་ཅུའི་རིང་ལ། དཔལ་འབྱོར་འཕེལ་རྒྱས་ཆེན་པོ་བྱུང་བ་དང་མི་དམངས་ཀྱི་འཚོ་བར་ལེགས་བཅོས་ཆེན་པོ་བྱས་ལ། སྐྱེ་ཁམས་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་དང་བརྟན་འཇགས་ཡོང་བ་སྲུང་འཛིན་བྱས། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཀྱིས་དཀའ་སྤྱད་འབད་བརྩོན་དང་དཀའ་ཁག་ཁྱད་སེལ་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཉིས་སྟོང་བཅུ་དྲུག་ལོར་ཆེད་དུ་ཉིན་ཞ་ལ་ཕེབས་ཏེ་བྱ་བར་རྟོག་ཞིབ་མཛད་པ་དེ་ལས་རང་སྐྱོང་ལྗོངས་ཀྱི་མཐུན་སྒྲིལ་ཡར་ཐོན་ལ་མཐོང་ཆེན་བྱས་པ་དང་རིགས་སོ་སོའི་མང་ཚོགས་ལ་ཐུགས་ཁུར་གནང་བ་མཚོན་ཡོད་ཟེར།

ཝང་དབྱང་གིས་གསུངས་རྒྱུར། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱས་ཏེ། ལྕགས་རིར་འགོ་བའི་གསར་བརྗེ་སྙིང་སྟོབས་མུ་མཐུད་ནས་དར་སྤེལ་བྱེད་པ་དང་། ཧུར་ཐག་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་ནི་བསྒྲུབས་ནས་བྱུང་བ་ཡིན་པའི་འབོད་སྐུལ་དང་ལེན་བྱེད་དགོས་པར་མ་ཟད་སེམས་ཤུགས་གཅིག་སྒྲིལ་དང་ཇུས་འདོན་ནུས་འབུལ་བྱས་ནས། མཛེས་པའི་ཉིན་ཞ་གསར་བ་འཛུགས་སྐྲུན་བྱས་ཏེ་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཧྲི་ཐེ་ཧྥུན་གྱིས་ཚོགས་ཆེན་སྟེང་གཏམ་བཤད་པ་དང་མང་ཚོགས་ཀྱི་འཐུས་མིས་ཀྱང་གཏམ་བཤད། དེར་མཐུད་ནས་རིག་རྩལ་ལེ་ཚན་སྣ་ཚོགས་འཁྲབ་སྟོན་བྱས།

ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཡུག་ཆོན་དང་ཚའོ་ཅན་མེན། པ་ཐིར། མེའོ་ཧྭ་བཅས་དང་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཁོངས་མི་ཡོངས་དང་དེ་མིན་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཚོགས་ཆེན་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།