ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་བྱ་བ་ཡར་ཞུ་བྱས་པར་ཉན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས20ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཝང་དབྱང་གིས་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་ཡར་ཞུ་ལ་ཉན་རྗེས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་ནན་མོ་བྱས་ཏེ། འདུ་ཤེས་བཞི་བརྟན་པོར་ཆགས་པར་བྱེད་པ་དང་ཡིད་རྟོན་བཞི་སྔར་ལས་སྲ་བརྟན་དུ་གཏོང་དགོས་ལ། བློ་ཐག་རྦད་ཆོད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གོ་གནས་ལ་སྲུང་སྐྱོབ་བྱེད་པ་དང་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་ཀྱི་འགོ་ཁྲིད་སྲུང་སྐྱོབ་བྱེད་དགོས་པར་མ་ཟད། ཏང་གི་སྲིད་ཇུས་དང་བྱེད་ཕྱོགས་སྣ་ཚོགས་ས་ཆ་ཀུན་ཏུ་དངོས་འབེབས་བྱེད་རྒྱུ་འགན་སྲུང་བྱེད་པ་དང་། ཧུར་ཐག་སྒོས་དཔལ་འབྱོར་དར་རྒྱས་དང་མི་རིགས་མཐུན་སྒྲིལ། ཁོར་ཡུག་ཡག་པོ། མི་དམངས་འབྱོར་ཕྱུག་བཅས་ཀྱི་ཉིན་ཞ་གསར་ས་འཛུགས་སྐྲུན་བྱེ་དགོས་ཟེར།

ཝང་དབྱང་གིས་བསྟན་དོན། ཉིས་སྟོང་བཅུ་དྲུག་ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིན་ཞའི་བྱ་བར་རྟོག་ཞིབ་མཛད་སྐབས། རང་སྐྱོང་ལྗོངས་ཀྱི་བྱ་བ་བཟང་བོར་སྒྲུབ་པའི་ཐད་ལ་རེ་བ་གསལ་བོ་བཏོན་པ་དང་ཉིན་ཞའི་བཅོས་སྒྱུར་འཕེལ་རྒྱས་ཐད་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ་ནན་ཏན་སྒོས་བྱ་བ་སྒྲུབ་པ་དང་གསར་གཏོད་གསར་སྐྲུན་བྱས་ནས་ཧུར་ཐག་སྒོས་མཛེས་པའི་ཉིན་ཞ་གསར་བ་འཛུགས་སྐྲུན་བྱེད་དགོས་ཟེར།

ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཧྲི་ཐེ་ཧྥུན་གྱིས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་བྱ་བ་ཡར་ཞུ་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།