ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཨུ་རུ་སི་ལ་འཚམས་འདྲི་མཛད་པར་མ་ཟད་ཨུ་རུ་སི་ཕྱོགས་ཀྱི་འགོ་ཁྲིད་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ཕྱོགས་གཉིས་རྐྱེན་སྲོལ་རང་བཞིན་གྱི་གྲོས་ཚོགས་ལ་འགོ་འཛིན་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20180920094353cyKV.jpg

ཟླ9པའི་ཚེས16ཉིན་ནས་ཚེས18ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཨུ་རུ་སི་ལ་འཚམས་འདྲི་མཛད་ནས། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་འཚམས་འདྲི་མཛད་པར་མ་ཟད། ཨུ་རུ་སིའི་ཙུང་ལི་གཞོན་པ་དང་པོ་ཞི་ལུའུ་ཨན་ནོ་ཧྥུའུ་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་དངུལ་གཏོང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པར་འགོ་འཛིན་མཛད་པ་དང་། ཨུ་རུ་སིའི་ཙུང་ལི་གཞོན་པ་ཁོ་ཀྲ་ཁི་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པར་འགོ་འཛིན་མཛད། འདི་ནི་ཟླ9པའི་ཚེས18ཉིན། ཧན་ཀྲིན་གྱིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་བའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར་ཨུ་རུ་སི་ལ་འཚམས་འདྲི་མཛད་ནས། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་འཚམས་འདྲི་མཛད་པར་མ་ཟད། ཨུ་རུ་སིའི་ཙུང་ལི་གཞོན་པ་དང་པོ་ཞི་ལུའུ་ཨན་ནོ་ཧྥུའུ་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་དངུལ་གཏོང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པར་འགོ་འཛིན་མཛད་པ་དང་། ཨུ་རུ་སིའི་ཙུང་ལི་གཞོན་པ་ཁོ་ཀྲ་ཁི་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པར་འགོ་འཛིན་མཛད།

ཕུའུ་ཅིན་ལ་མཇལ་འཕྲད་གནང་སྐབས། ཧན་ཀྲིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུའུ་ཅིན་ལ་བརྩེ་བའི་འཚམས་འདྲི་གནང་བ་བརྒྱུད་བསྒྲགས་མཛད་པ་དང་། ཕུའུ་ཅིན་གྱིས་དེར་བཀའ་དྲིན་ཆེ་ཞུས་པ་མ་ཟད་ཧན་ཀྲིན་བརྒྱུད་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྨོན་འདུན་བཟང་པོ་ཞུས།

ཧན་ཀྲིན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་ཁྲིད་སྟོན་འོག་ཏུ། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་ཆུ་ཚད་མཐོན་པོར་གོང་འཕེལ་དུ་སོང་ནས། ལོ་རྒྱུས་ཀྱི་དུས་སྐབས་ཆེས་བཟང་པོར་སླེབས་ཡོད་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བཞིན་ཡོད། ཀྲུང་གོས་ཨུ་རུ་སི་དང་མཉམ་དུ། ཕྱོགས་གཉིས་ཀྱི་དངུལ་གཏོང་དང་ནུས་ཁུངས་མཉམ་ལས་ཐད་གོང་འཕེལ་གསར་བ་འབྱུང་བར་བྱེད་པ་དང་། ཁྱབ་ཁོངས་གསར་པ་འབྱེད་པ། གྲུབ་འབྲས་གསར་པ་ལེན་པ་བཅས་བྱས་ནས། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་བསྟུད་མར་ཆུ་ཚད་མཐོན་པོས་གོང་འཕེལ་དུ་གཏོང་བར་སྒུལ་ཤུགས་གསར་པ་སྣོན་འདོད་ཡོད་ཟེར།

ཀྲུང་གོ་དང་ཨུ་རུ་སིའི་དངུལ་གཏོང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པར་འགོ་འཛིན་མཛད་སྐབས། ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོས་ཨུ་རུ་སི་ནི་དངུལ་གཏོང་མཉམ་ལས་ཀྱི་དམིགས་བསལ་གྱི་གྲོགས་པོར་བརྩིས་ཡོད་ལ། ཨུ་རུ་སི་དང་མཉམ་དུ་མཐོང་རྒྱ་སྔར་ལས་ཡངས་པོ་དང་རིམ་པ་སྔར་ལས་ཟབ་མོ། གཞི་ཁྱོན་སྔར་ལས་ཡངས་པོ་བཅས་ཀྱི་སྒོ་ནས་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཆུ་ཚད་མཐོན་པོའི་ཆབ་སྲིད་འབྲེལ་བའི་ཁྱད་སྟོབས་དེ་མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་མང་པོར་བསྒྱུར་འདོད་ཡོད་ཟེར།

ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པར་འགོ་འཛིན་མཛད་སྐབས། ཧན་ཀྲིན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཨུ་ཡོན་ལྷན་ཁང་གི་རྐྱེན་སྲོལ་བཟང་པོར་བཀོལ་ནས། མཉམ་ལས་ཀྱི་ཐུན་མོང་ལྟ་བ་དེ་ལས་གཞིའི་དོན་དངོས་སུ་བསྒྱུར་བ་དང་། ཁེ་ཕན་མཉམ་འདྲེས་ཡོང་བར་བྱེད་པ། ཕྱོགས་ཡོངས་ཀྱི་གཞི་གཅིག་ཅན་གྱི་མཉམ་ལས་མངོན་འགྱུར་བྱེད་པ་བཅས་བྱས་ཏེ། གཉིས་ཕན་མཉམ་རྒྱལ་གྱི་ནུས་ཁུངས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་བསྐྲུན་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།