ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཀྲུང་དབྱང་གི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ལ་དྲན་གསོའི་དངོས་བོ་གནང་བའི་མཛད་སྒོར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཝང་དབྱང་གིས་ཀྲུང་དབྱང་གི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ལ་དྲན་གསོའི་དངོས་བོ་གནང་བའི་མཛད་སྒོར་ཞུགས།

དྲན་གསོའི་དངོས་བོ་གནང་བའི་མཛད་སྒོའི་སྟེང་། ཝང་དབྱང་དང་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི། དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲི་ཐེ་ཧྥུན་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛེས་པའི་ཉིན་ཞ་གསར་བ་འཛུགས་སྐྲུན་བྱས་ཏེ་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ཞེས་པའི་ཕྱག་བྲིས་གནང་བའི་ཐེམ་བྱང་སྟེང་གི་ཡོལ་རས་བླངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་སུན་ཁྲོན་ལན་གྱིས་ཤིས་ཚིག་ཕུལ། ཀྲུང་དབྱང་འཐུས་ཚབ་ཚོགས་པས་གནང་བའི་དྲན་གསོའི་དངོས་བོ་སྡོམ་པས་བཅུ་གཉིས་ཡོད་པ་དང་། དེ་ལས་ཀྲུང་དབྱང་གིས་ཉིན་ཞ་ལ་ཐུགས་ཁུར་ཆེན་པོ་གནང་བ་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཉིན་ཞ་ལ་བརྩེ་སེམས་ཟབ་མོ་བཅངས་ཡོད་པ་མཚོན་ཡོད་པར་མ་ཟད། ཉིན་ཞའི་དམངས་སྲོལ་རིག་གནས་དང་ས་གནས་ཀྱི་ཁྱད་ཆོས་མངོན་པར་བྱས་ཡོད།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཚའོ་ཅན་མེན་གྱིས་དྲན་གསོའི་དངོས་བོ་གནང་བའི་གསལ་ཁྲ་སྒྲོག་འདོན་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།