ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཀྲུང་དབྱང་འཐུས་ཚབ་ཚོགས་པ་ཁྲིད་དེ་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་བཙུགས་ནས་ལོ་དྲུག་ཅུ་ལོན་པའི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས19ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཝང་དབྱང་གིས་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཁོངས་མི་ཚང་མ་ཁྲིད་དེ་མཛེས་པའི་ཉིན་ཞ་གསར་བ་འཛུགས་སྐྲུན་བྱས་ཏེ་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ཞེས་པའི་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་བཙུགས་ནས་ལོ་དྲུག་ཅུ་ལོན་པའི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས།

གྲུབ་འབྲས་འགྲེམ་སྟོན་ལས་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་བཙུགས་ནས་ལོ་དྲུག་ཅུའི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཕྱོགས་སོ་སོ་ནས་བླངས་པའི་གྲུབ་འབྲས་མངོན་པར་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཉིན་ཞའི་རིགས་སོ་སོའི་མི་དམངས་ལ་ཐུགས་ཁུར་ཆེན་པོ་གནང་བ་དང་ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ཁུལ་ཁོངས་རང་སྐྱོང་ལམ་ལུགས་ཀྱི་ཁྱབ་སྟོབས་རང་བཞིན་མཚོན་པར་བྱས་པ་དང་། ཉིན་ཞའི་རིགས་སོ་སོའི་མི་དམངས་ཏང་ལ་དགའ་ཞེན་ཆེ་བ་དང་མེས་རྒྱལ་ལ་དགའ་ཞེན་ཆེ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་ཆེ་བ། མཛེས་པའི་འཚོ་བར་རེ་སྙེག་བྱེད་པའི་ཐུན་མོང་གི་རེ་འདུན་དང་རླབས་ཆེན་ལག་ལེན་ཁྱོན་ཡོངས་ནས་མཚོན་པར་བྱས་ཡོད།

ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་སུན་ཁྲུན་ལན་དང་ཡུག་ཆོན། ཚའོ་ཅན་མེན། པ་ཐིར། མེའོ་ཧྭ་སོགས་གོང་གི་བྱ་འགུལ་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།