ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས2018ལོའི་རྒྱལ་སྤྱིའི་ཞི་བདེ་ཉིན་མོའི་དྲན་གསོའི་བྱ་འགུལ་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2018ལོའི་རྒྱལ་སྤྱིའི་ཞི་བདེ་ཉིན་མོའི་དྲན་གསོའི་བྱ་འགུལ་ཚེས་བཅུ་དགུ་ཉིན་ཅང་སུའུ་ཞིང་ཆེན་ནན་ཅིན་གྲོང་ཁྱེར་ནས་སྤེལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དྲན་གསོའི་བྱ་འགུལ་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་སྤྱིའི་ཞི་བདེ་ཉིན་མོའི་དྲན་གསོའི་བྱ་འགུལ་སྤེལ་བའི་སྐབས་འདིར། ངས་ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོ་སྲིད་གཞུང་། ཀྲུང་གོ་མི་དམངས་བཅས་ཀྱི་ཚབ་བྱས་པར་མ་ཟད། ང་རང་ཉིད་ཀྱི་མིང་སྟེང་ནས་དྲན་གསོའི་བྱ་འགུལ་སྤེལ་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་ཡིན་ལ། དྲན་གསོའི་བྱ་འགུལ་ཁྲོད་ཞུགས་པའི་རྒྱལ་ཁབ་སོ་སོའི་སྐུ་མགྲོན་དང་། དམངས་ཁྲོད་ཞི་བདེའི་རྩ་འཛུགས། བདེ་འཇགས་རིག་མཛོད་འཐུས་མི་དང་ལས་རིགས་སོ་སོའི་མི་སྣ་བཅས་ལ་ལྷག་བསམ་རྣམ་དག་གིས་དགའ་བསུ་ཞུས་པ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཞི་བདེ་ནི་དུས་ནམ་ཡིན་རུང་མིའི་རིགས་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཏུ་རེ་སྒུག་དང་ཡིད་སྨོན་བྱེད་ཡུལ་ཡིན། དེང་སྐབས་ཀྱི་འཛམ་གླིང་ལ་མཚོན་ན། ཞི་བདེ་དང་འཕེལ་རྒྱས་ནི་དུས་རབས་ཀྱི་བརྗོད་གཞིར་གྱུར་ཡོད་མོད། ཡིན་ནའང་རྒྱལ་ཁབ་སོ་སོའི་བདེ་འཇགས་ཐད་ཀྱི་འཇིགས་སྣང་ཉིན་རེ་བཞིན་རྙོག་འཛིང་དུ་འགྱུར་བཞིན་ཡོད་པ་དང་། དམག་འཁྲུག་གི་འཇིགས་སྣང་མཚམས་ཆད་མེད། ཀྲུང་ཧྭ་མི་རིགས་ནི་ཞི་བདེ་ལ་དགའ་བ་དང་། ཀྲུང་གོ་མི་དམངས་ཀྱིས་ཞི་བདེ་རྩ་ཆེན་ཡིན་པ་གསལ་པོར་ཤེས་པས། ཀྲུང་གོ་བློ་བརྟན་འགྱུར་མེད་སྒོས་ཞི་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་བཞིན་ཡོད་ལ། ཀྲུང་གོ་ནི་དུས་གཏན་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལ་འཕེལ་རྒྱས་ཐད་བྱས་རྗེས་འཇོག་མཁན། རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་མཁན་བཅས་ཡིན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོའི་དྲན་གསོའི་བྱ་འགུལ་གྱིས་མིའི་རིགས་ཀྱི་ལས་དབང་གཅིག་འབྲེལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་ནས། ལག་གདང་མཉམ་སྦྲེལ་གྱིས་ཡུན་རིང་ཞི་བདེ་དང་ཡོངས་སུ་བདེ་འཇགས་ཀྱི་འཛམ་གླིང་འཛུགས་སྐྲུན་བྱེད་དགོས་ཞེས་པ་བརྗོད་གཞིར་བཟུང་ཡོད་པ་དེ། རྒྱལ་སྤྱིའི་ཞི་བདེ་ཉིན་མོ་གཏན་ཁེལ་བྱས་པའི་དམིགས་བྱ་དང་མཐུན་ལ། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འཚམ། ཚང་མས་བསམ་འཆར་གཅིག་སྡུད་དང་ལྟ་བ་གཅིག་སྡུད། སྟོབས་ཤུགས་གཅིག་སྡུད་བཅས་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་འབྲེལ་ཐུན་མོང་ཚོགས་པ་འཛུགས་པ་དང་། སྔར་ལས་མཛེས་སྡུག་གི་འཛམ་གླིང་འཛུགས་སྐྲུན་བྱེད་པར་ནུས་པ་ལེགས་པོ་འདོན་རྒྱུ་ནི་རེ་བ་ཡིན། ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་སྤྱིའི་ཞི་བདེ་ཉིན་མོའི་དྲན་གསོའི་བྱ་འགུལ་ཕུན་སུམ་ཚོགས་པར་ལེགས་འགྲུབ་འབྱུང་བའི་སྨོན་འདུན་ཞུ་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།