ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་སྤྱི་པའི་ཚན་རིག་བྱང་ཚད་ཡར་སྐུལ་ཚོགས་ཆེན་པེ་ཅིན་ནས་ཚོགས་འགོ་བརྩམས་པ་དང་ཝང་ཧུའུ་ཉིང་འགོ་བརྩམས་པའི་མཛད་སྒོར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅུ་བདུན་ཉིན། འཛམ་གླིང་སྤྱི་པའི་ཚན་རིག་བྱང་ཚད་ཡར་སྐུལ་ཚོགས་ཆེན་པེ་ཅིན་ནས་ཚོགས་འགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་ཆེན་འགོ་བརྩམས་པའི་མཛད་སྒོར་ཞུགས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྐུར་བའི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྒྲོག་འདོན་བྱས་པར་མ་ཟད་ཤིས་ཚིག་ཕུལ།

ཝང་ཧུའུ་ཉིང་གིས་གསུངས་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེད་དུ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་བ་དེ་ལས་ཐེངས་འདིའི་ཚོགས་ཆེན་ལ་དོན་སྙིང་གལ་ཆེན་ལྡན་པར་ཁས་ལེན་གང་ལེགས་བྱས་པ་དང་སྤྱི་པའི་ཚན་རིག་བྱང་ཚད་ཇེ་མཐོར་གཏོང་བ་དེས་མིའི་རིགས་ཀྱི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པར་ནུས་པ་གལ་ཆེན་འདོན་པར་གདེང་འཇོག་ཆེན་པོ་གནང་ཞིང་། སྤྱི་པའི་ཚན་རིག་བྱང་ཚད་ཇེ་མཐོར་གཏོང་བར་མཐོང་ཆེན་བྱེད་བཞིན་པ་མཚོན་པར་བྱས་ཡོད། ཀྲུང་གོས་འཛམ་གླིང་སྤྱི་པའི་ཚན་རིག་བྱང་ཚད་ཇེ་མཐོར་གཏོང་བར་ནུས་ཤུགས་ཆེན་པོ་འདོན་པ་དང་། ཧུར་ཐག་སྒོས་རྒྱལ་ཁབ་སོ་སོ་དང་མཉམ་དུ་ཚན་རིག་ཁྱབ་གདལ་དང་བརྗེ་རེས་བྱས་ཏེ། སྤྱི་པའི་ཚན་རིག་བྱང་ཚད་ཇེ་མཐོར་གཏོང་བ་དང་ཚན་རིག་གྲུབ་འབྲས་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཐུས་མི་དང་འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱི་འཐུས་མི། འཛམ་གླིང་བཟོ་སྐྲུན་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཅས་ཀྱིས་གྲོས་ཚོགས་འགོ་བརྩམས་པའི་མཛད་སྒོའི་སྟེང་ཤིས་ཚིག་ཕུལ།

གྲོས་ཚོགས་ཀྱི་སྔོན་ལ། ཝང་ཧུའུ་ཉིང་གིས་ཚོགས་ཆེན་ལ་ཞུགས་པའི་ཕྱི་རྒྱལ་གྱི་མགྲོན་པོར་ཐུག་འཕྲད་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།