ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་སྡོམ་རྩིས་རྫུན་བཟོ་ལ་དོགས་ཟོན་དང་ཆད་གཅོད་བཅོས་སྐྱོང་བྱེད་པའི་ལྟ་ཞིབ་བྱ་བའི་གཏན་འཁེལ་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་སྡོམ་རྩིས་རྫུན་བཟོ་ལ་དོགས་ཟོན་དང་ཆད་གཅོད་བཅོས་སྐྱོང་བྱེད་པའི་ལྟ་ཞིབ་བྱ་བའི་གཏན་འཁེལ་འགྲེམ་སྤེལ་བྱས། གཏན་འཁེལ་ནང་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགན་དབང་གནང་བ་ལྟར། རྒྱལ་ཁབ་སྡོམ་རྩིས་ཅུའུ་ཡིས་རྩ་འཛུགས་བྱས་ཏེ་སྡོམ་རྩིས་ལྟ་ཞིབ་བྱས་ཤིང་། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡོམ་རྩིས་བྱ་བའི་ཐབས་ཇུས་བཀོད་སྒྲིག་དང་རེ་བ། སྡོམ་རྩིས་བཅའ་ཁྲིམས་ཁྲིམས་སྲོལ། རྒྱལ་ཁབ་སྡོམ་རྩིས་སྲིད་འཛིན་བཀའ་རྒྱ་སོགས་ལག་བསྟར་བྱས་པའི་གནས་ཚུལ་ལ་ལྟ་རྟོག་ཞིབ་བཤེར་བྱས་པ་དང་། སྡོམ་རྩིས་བཅའ་ཁྲིམས་ཀྱི་འགན་འཁྲི་ལག་བསྟར་བྱེད་པ་དང་སྡོམ་རྩིས་ཁྲིམས་འགལ་ལུགས་འགལ་གྱི་རྣམ་པ་བཅོས་སྐྱོང་བྱེད་པ། སྡོམ་རྩིས་གཞི་གྲངས་སྤུས་ཚད་ཇེ་མཐོར་གཏོང་བ་གཅིག་སྡུད་བྱས་ཏེ། ཕན་འབྲས་ཐོབ་པར་ཡིད་འཇོག་བྱེད་པ་དང་གནད་ཆེ་ས་འབུར་དུ་ཐོན་པར་བྱེད་པ། གནད་དོན་རྩད་གཅོད་པ། སྒྲིག་ལམ་ལ་གཟབ་ནན་བྱས་ནས། སྡོམ་རྩིས་བཅའ་ཁྲིམས་ཁྲིམས་སྲོལ་གྱི་དབང་ཟིལ་ལ་སྲུང་སྐྱོབ་བྱེད་པ་དང་སྡོམ་རྩིས་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་སྡོམ་རྩིས་ལམ་ལུགས་ཀྱིས་འགན་སྲུང་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།