ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་ཁབ་ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ལ་རྟོག་ཞིབ་མཛད་པར་མ་ཟད་འགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20180914093107fjYD.jpg

ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་ཁབ་ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ལ་རྟོག་ཞིབ་མཛད་པར་མ་ཟད་འགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་ཁབ་ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ལ་རྟོག་ཞིབ་མཛད་པར་མ་ཟད་འགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས།

ཐོན་རྫས་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་ཀུང་ཟི་ནས་ལིས་ཁི་ཆང་གིས་ཐོན་རྫས་ཀྱི་སྤུས་ཚད་དང་ལྷག་པར་དུ་བྱིས་པའི་བཀོལ་རྫས་ཚད་ལྡན་གནས་ཚུལ་ཞིབ་འདྲི་བྱས་པར་མ་ཟད་ལྟ་སྐུལ་དོ་དམ་མི་སྣར་བརྙན་རིས་བརྒྱུད་དེ་བརྗེ་རེས་བྱས། ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོའི་གསར་བཟོ་དང་ཞབས་ཕྱི་དེ་ཆུ་ཚད་མཐོ་བའི་ཕྱོགས་སུ་སྐྱོད་དགོས་པར་མ་ཟད་ངེས་པར་དུ་སྤུས་ཚད་ལ་ཁག་ཐེག་བྱེད་དགོས། དེ་ནི་སྲིད་གཞུང་གི་ལྟ་སྐུལ་དོ་དམ་བྱ་བ་གཙོ་བོ་ཡིན་པས། ངེས་པར་དུ་ཐོན་རྫས་དང་ཞབས་ཕྱིའི་སྤུས་ཚད་དང་བདེ་འཇགས་བྱ་བ་དམ་འཛིན་བྱེད་དགོས་ཟེར།

བཞུགས་མོལ་ཚོགས་འདུའི་སྟེང་ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་འགན་འཁུར་བས་གནས་ཚུལ་ཡར་ཞུ་བྱས། ལིས་ཁི་ཆང་གིས་ཚོང་རའི་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོ་བས་བསྒྲུབས་པའི་བྱ་བར་ཁས་ལེན་གང་ལེགས་མཛད། ཁོང་གིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། སྲིད་གཞུང་གི་འགན་ནུས་བསྒྱུར་ཏེ་རྒྱུན་མཐུད་སྒོས་དབང་གཏོང་དོ་དམ་དང་ཞབས་ཕྱི་བཅོས་སྒྱུར་ཟབ་སྤེལ་བྱས་པ་དེས་དཔལ་འབྱོར་བརྟན་འཇགས་ཁྲོད་ནས་བཟང་ཕྱོགས་སུ་འཕེལ་བ་མངོན་འགྱུར་བྱེད་པར་ནུས་པ་ཆེན་པོ་བཏོན། དེང་སྐབས་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་དམིགས་ཏེ། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་ལམ་ལུགས་རང་བཞིན་གྱི་བརྗེ་རེས་མ་རྩ་ཇེ་དམའ་རུ་གཏོང་དགོས་ལ། ཚོང་རའི་ལྟ་སྐུལ་དོ་དམ་བྱ་བ་བཟང་བོར་བསྒྲུབ་ནས་ཚོང་རའི་གསོན་ཤུགས་སྔར་ལས་ཇེ་ཆེར་གཏོང་བ་དང་ནང་མཁོའི་སྦས་ཤུགས་རྒྱ་བསྐྱེད་ཅིང་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་ཆེར་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཚོང་རའི་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་རང་རང་གི་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།