ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམ་སྟོན་ཚོགས་འདུ་སྐབས་བཅོ་ལྔ་བ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དངུལ་གཏོང་མཐོ་རིམ་གྲོས་ཚོགས་ཀོང་ཞིའི་ནན་ཉིན་ནས་ཚོགས་འགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམ་སྟོན་ཚོགས་འདུ་སྐབས་བཅོ་ལྔ་བ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དངུལ་གཏོང་མཐོ་རིམ་གྲོས་ཚོགས་ཚེས12ཉིན་གྱི་སྔ་དྲོར་ཀོང་ཞིའི་ནན་ཉིན་ནས་ཚོགས་འགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྲོས་ཚོགས་ཀྱི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཧན་ཀྲིན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པའི་ལོ་བཅོ་ལྔ་ནི་མཛའ་བཤེས་འབྲེལ་བར་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པ་དང་གཉིས་ཕན་མཉམ་ལས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པའི་ལོ་ལྔ་ཡིན་ལ། ལྷག་པར་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ་ལྔའི་རིང་ལ། ཕྱོགས་གཉིས་ཀྱིས་ལག་རྡང་སྦྲེལ་ཏེ་འདུ་ཤེས་མཉམ་སྦྲེལ་དང་དར་རྒྱས་མཉམ་སྤྱོད། འགན་འཁུར་མཉམ་ཁུར་བཅས་ཀྱི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པའི་བགྲོད་ལམ་སྟེང་དུ་སྔར་ལས་མདུན་དུ་སྐྱོད་ནས། ཨེ་ཤ་ཡ་དང་ཞི་བདེ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་ཁྲོད་དུ་ཆེས་ལེགས་འགྲུབ་བྱུང་བ་དང་གསོན་ཤུགས་ལྡན་པའི་དཔེ་སྟོན་དུ་འགྱུར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་མཉམ་དུ་སྔར་ལས་ཆུ་ཚད་མཐོ་བའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གསར་སྐྲུན་བྱས་ཏེ་སྔར་ལས་དམ་པོའི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པའི་ཕྱོགས་སུ་སྐྱོད་འདོད་ཡོད་ཟེར།

ཁམ་ཕུ་ཁྲེ་ཡི་དབུ་བཞུགས་བློན་ཆེན་ཧོང་སིན་དང་འབར་མའི་ཙུང་ཐུང་གཞོན་པ་མེན་རོས། ཡོ་ནན་གྱི་ཙུང་ལི་གཞོན་པ་ཝང་ཐིན་ཧོས། ལའོ་ཝུའོ་ཡི་ཙུང་ལི་གཞོན་པ་སུང་ཏེ། ཐན་ཙན་ནི་ཡའི་ཙུང་ཐུང་གཞོན་པ་དབྱི་ཏེ་བཅས་མཛད་སྒོར་བཞུགས་པར་མ་ཟད་ཤིས་ཚིག་ཕུལ། དེར་མཐུད་ནས་ཧན་ཀྲིན་གྱིས་འགྲེམ་སྟོན་ཚོགས་འདུ་འགོ་བརྩམས་པ་ཁྱབ་སྒྲོག་མཛད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།