ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་གཞོན་པ་ལོ་ཏི་ལེ་ཀི་སི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

201809130936587s8u.jpg

ཟླ9པའི་ཚེས12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ་ལོ་ཏི་ལེ་ཀི་སི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཚེས་བཅུ་གཉིས་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ་ལོ་ཏི་ལེ་ཀི་སི་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་བསྟན་དོན། ཀྲུང་གོ་དང་ཝེ་ནེ་ཙུའེ་ལཱ་གཉིས་ཡུན་རིང་པོར་མཛའ་ཞིང་མཐུན་ལ། ཕན་ཚུན་འདྲ་མཉམ་གྱི་ལྟ་སྟངས་བཟུང་བ་དང་གཉིས་ཕན་མཉམ་རྒྱལ་བྱུང་ཡོད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་འཛུགས་པའི་ཕྱོགས་སུ་མདུན་སྐྱོད་བྱེད་འོས། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་བརྟན་བརླིང་གིས་སྤེལ་བཞིན་ཡོད་པ་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོས་ཝེ་ནེ་ཙུའེ་ལཱའི་མི་དམངས་ཀྱིས་རང་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཝེ་ནེ་ཙུའེ་ལཱ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ལ། ཀྲུང་གོ་དང་ཝེ་ནེ་ཙུའེ་ལཱའི་མཐོ་རིམ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པ་ལེགས་འགྲུབ་བྱུང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་གསར་པ་རྩོམ་པར་རེ་སྒུག་བྱས་ཡོད་ཟེར།

ལོ་ཏི་ལེ་ཀི་སི་ཡིས་བསྟན་དོན། ཀྲུང་གོའི་དར་རྒྱས་གོང་འཕེལ་གྱིས་འཛམ་གླིང་ལ་བྱས་རྗེས་གལ་ཆེན་བཞག་ཡོད་པ་དང་། ཝེ་ནེ་ཙུའེ་ལཱས་ཀྲུང་གོའི་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། རྒྱུད་གཅིག་ལམ་གཅིག་དང་མིའི་རིགས་ཀྱི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་མཉམ་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཝེ་ནེ་ཙུའེ་ལཱས་ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་བཟུང་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་གསར་པ་ཞིག་ཏུ་གོང་འཕེལ་ལ་གཏོང་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།