ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་དང་རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་མཉམ་ལས་ཀྱིས་བསྒྲུབས་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོས་མིའི་བགྲོ་གླེང་འཛིན་གྲྭ་ཐེངས་གསུམ་པ་པེ་ཅིན་ནས་ཚོགས་འགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས10ཉིན། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་དང་རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་མཉམ་ལས་ཀྱིས་བསྒྲུབས་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོས་མིའི་བགྲོ་གླེང་འཛིན་གྲྭ་ཐེངས་གསུམ་པ་པེ་ཅིན་ནས་ཚོགས་འགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་འཛིན་གྲྭ་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཝང་ཁྲིན་གྱིས་བཤད་རྒྱུར། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལས་ཁུངས་དང་མཉམ་དུ་རྒྱལ་སྐྱོང་སྲིད་འཛིན་དང་དམངས་གཙོ་ཁྲིམས་སྐྱོང་གི་འཛུགས་སྐྲུན་ཉམས་མྱོང་ལོངས་སུ་སྤྱོད་པ་དང་ཕན་ཚུན་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་འདོད་ཡོད། ཕྱོགས་སོ་སོས་བགྲོ་གླེང་འཛིན་གྲྭ་གོ་སྐབས་སུ་བཟུང་སྟེ་སྔར་ལས་དམ་ཞིང་དངོས་གཉེར་གྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བ་མངོན་འགྱུར་བྱེད་པ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པར་ཁྲིམས་སྐྱོང་སྲིད་ཇུས་ཁོར་ཡུག་བཟང་བོ་ཞིག་གསར་སྐྲུན་པ་དང་། ལག་རྡང་སྦྲེལ་ཏེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་མཛེས་པའི་མ་འོངས་པ་ཞིག་གསར་སྐྲུན་བྱེད་དགོས་ཟེར།

ཐེངས་འདིའི་བགྲོ་གླེང་འཛིན་གྲྭ་ཚེས་དགུ་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར་པེ་ཅིན་ནས་འཚོགས་རྒྱུ་ཡིན་པ་དང་། འཛིན་གྲྭར་ཞུགས་པའི་རྒྱལ་ཁབ་སོ་སོའི་གྲོས་མི་དང་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་ཆེད་མཁས་པས་ཁྲིམས་འཛུགས་ལས་ཁུངས་ཀྱིས་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་དུ་ནུས་པ་ཆེན་པོ་འདོན་དགོས་པ་སོགས་གྲོས་གཞི་ལ་བགྲོ་གླེང་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།