ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཝུའུ་ར་ཀུའེ་ཡི་ཙུང་ཐུང་གཞོན་པ་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1536628319384255.jpg

ཟླ་དགུ་པའི་ཚེས་བཅུ་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིན་ནས་ཝུའུ་ར་ཀུའེ་ཡི་ཙུང་ཐུང་གཞོན་པ། རྒྱལ་ཚོགས་ཀྱི་ཀྲུའུ་ཞི་དང་གྲོས་ཞུགས་དཔོན་པོ་ཐུའོ་པོ་ལན་སི་ཅི་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས་བཅུ་ཉིན་པེ་ཅིན་ནས་ཝུའུ་ར་ཀུའེ་ཡི་ཙུང་ཐུང་གཞོན་པ། རྒྱལ་ཚོགས་ཀྱི་ཀྲུའུ་ཞི་དང་གྲོས་ཞུགས་དཔོན་པོ་ཐུའོ་པོ་ལན་སི་ཅི་དང་གྲོས་མོལ་མཛད།

ཝང་དབྱང་གིས་བསྟན་དོན། ཀྲུང་གོ་དང་ཝུའུ་ར་ཀུའེ་བར་འབྲེལ་བ་བཙུགས་པའི་ལོ་སུམ་ཅུའི་རིང་། ཕྱོགས་གཉིས་ཀྱིས་ནམ་ཡང་འདྲ་མཉམ་གྱི་ལྟ་སྟངས་བཟུང་བ་དང་ཕན་ཚུན་ལ་བརྩི་བཀུར་བྱས་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་ཡུན་རིང་བོར་གཏན་འཇགས་ངང་འཕེལ་རྒྱས་སུ་སོང་། 2016ལོར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པཱ་སི་ཁུ་སི་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་ཝུའུ་ར་ཀུའེ་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་རབས་གསར་བར་ཞུགས་པར་སྣེ་ཁྲིད་བྱས། ཕྱོགས་གཉིས་ཀྱིས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་བྱུང་བའི་ཐུན་མོང་གི་ལྟ་བ་ལག་བསྟར་བྱེད་པ་དང་། མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པ། འཕེལ་རྒྱས་འཐབ་ཇུས་དང་མཉམ་ལས་འཆར་གཞིའི་སྦྲེལ་མཐུད་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཝུའུ་ར་ཀུའེ་བར་གྱི་མཉམ་ལས་ཆུ་ཚད་སྟེགས་བུ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཝུའུ་ར་ཀུའེ་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཝུའུ་ར་ཀུའེ་ཡི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཟེར།

ཐུའོ་པོ་ལན་སི་ཅི་ཡིས་བསྟན་དོན། ངས་ཐེངས་དང་པོར་ཀྲུང་གོར་འཚམས་འདྲི་བྱས་པ་ཡིན་ལ། ཀྲུང་གོའི་འཕེལ་རྒྱས་ལ་དངོས་སུ་མིག་མཐོང་ལག་ཟིན་བྱེད་ཐུབ་པ་བྱུང་། ངས་སེམས་གཏིང་ནས་ཀྲུང་གོ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་བརྒྱུད་དེ་རྒྱུན་མ་ཆད་པར་མདུན་སྐྱོད་བྱེད་ཐུབ་པའི་སྨོན་འདུན་ཞུས་པ་ཡིན། ཀྲུང་གོ་ནི་ཝུའུ་ར་ཀུའེ་ཡི་ལོ་མང་པོ་རིང་གི་ཉོ་ཚོང་གྲོགས་པོ་ཡིན་པ་དང་། ཝུའུ་ར་ཀུའེ་ཕྱོགས་ཀྱིས་མུ་མཐུད་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་སྐྱོང་སྲིད་འཛིན་ཐད་ཀྱི་བརྗེ་རེས་ལ་ཤུགས་སྣོན་པ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཞུགས་པ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་འགྲོ་འོང་དང་འབྲེལ་འདྲིས་གཏིང་ཟབ་ཏུ་སྤེལ་བ། མཉམ་ལས་ཆུ་ཚད་རྒྱུན་མཐུད་ངང་འཕེལ་རྒྱས་སུ་བཏང་སྟེ། ཝུའུ་ར་ཀུའེ་དང་ཀྲུང་གོ་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཆུ་ཚད་སྔར་ལས་མཐོན་པོར་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཞཱ་པའོ་ལུང་མཇལ་འཕྲད་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།