ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཁྲའོ་ཞན་ལ་འཚམས་འདྲི་མཛད་པར་མ་ཟད་ཁྲའོ་ཞན་རྒྱལ་ཁབ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1536628255599948.jpg

ཟླ9པའི་ཚེས8ཉིན་ནས་ཚེས10ཉིན་བར། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་གདན་དྲངས་པ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཡི་དམིགས་བསལ་འཐུས་མི་བྱས་ནས་ཀྲུང་གོའི་ཏང་སྲིད་འཐུས་ཚབ་ཚོགས་པ་ཁྲིད་དེ་ཁྲའོ་ཞན་ལ་འཚམས་འདྲི་བྱེད་པར་སོང་བ་མ་ཟད། ཁྲའོ་ཞན་རྒྱལ་ཁབ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས། པར་འདི་ནི་ཚེས་དགུ་ཉིན། ལིས་ཀྲན་ཧྲུའུ་ཡིས་ཁྲའོ་ཞན་ཆེས་མཐོའི་མི་དམངས་གྲོས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། ཁྲའོ་ཞན་ངལ་རྩོལ་ཏང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཅིན་་ཡུང་ནན་ལ་མཇལ་འཕྲད་གནང་བའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས8ཉིན་ནས་ཚེས10ཉིན་བར། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་གདན་དྲངས་པ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཡི་དམིགས་བསལ་འཐུས་མི་བྱས་ནས་ཀྲུང་གོའི་ཏང་སྲིད་འཐུས་ཚབ་ཚོགས་པ་ཁྲིད་དེ་ཁྲའོ་ཞན་ལ་འཚམས་འདྲི་བྱེད་པར་སོང་བ་མ་ཟད། ཁྲའོ་ཞན་རྒྱལ་ཁབ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས།

ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། ལིས་ཀྲན་ཧྲུའུ་ཡིས་ཁྲའོ་ཞན་ཆེས་མཐོའི་མི་དམངས་གྲོས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཅིན་ཡུང་ནན་ལ་མཇལ་འཕྲད་གནང་། ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། ཀྲུང་གོ་དང་ཁྲའོ་ཞན་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་ནི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྒན་རབས་པས་དངོས་སུ་བཙུགས་པ་དང་སྐྱེད་སྲིང་བྱས་པ་ཡིན་ལ། དེ་ནི་ཕྱོགས་གཉིས་ཀྱི་ཐུན་མོང་གི་རྒྱུ་ནོར་རྩ་ཆེན་ཡིན། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཟུར་སྣེ་ནས་ཀྲུང་གོ་དང་ཁྲའོ་ཞན་བར་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོ་དང་ཁྲའོ་ཞན་བར་གྱི་འབྲེལ་བར་སྲུང་སྐྱོབ་བྱེད་པ་དང་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བའི་ཐད་ཤུགས་འདོན་བཞིན་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཁྲའོ་ཞིན་གྱི་ཆེས་མཐོའི་མི་དམངས་གྲོས་ཚོགས་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྡེ་ཁག་འཛུགས་སྐྲུན་བྱེད་པ་དང་ཕྱོགས་གཉིས་ཀྱི་འབྲེལབ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་འཇོག་འདོད་ཡོད་ཟེར།

ལིས་ཀྲན་ཧྲུའུ་ཡིས་ཀྲུང་གོ་དང་ཁྲའོ་ཞན་གཉིས་ཀ་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཡིན་པ་དང་། གཅིག་འབྲེལ་གྱི་ལྟ་བ་མང་པོ་ཡོད་ལ། ཕྱོགས་གཉིས་ཀྱིས་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཕན་ཚུན་ལ་སློབ་སྦྱོང་དང་དཔེ་བལྟ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་སྐྲུན་བྱེད་རྒྱུའི་རེ་བ་བཏོན།

ཅིན་ཡུང་ནན་གྱིས་བཤད་རྒྱུར། མིག་སྔར་ཁྲའོ་ཞན་གྱིས་ཁྱོན་ཡོངས་ནས་འཐབ་ཇུས་གསར་བའི་ལམ་ཕྱོགས་ལག་བསྟབ་བྱེད་བཞིན་པའི་སྒང་ཡིན་ལ། ང་ཚོས་ཀྲུང་གོ་ཕྱོགས་ཀྱི་ཉམས་མྱོང་ལ་དཔེ་བལྟ་བྱེད་པ་དང་། ཀྲུང་གོ་དང་མཉམ་དུ་ཐེངས་འདིའི་འཚམས་འདྲི་གོ་སྐབས་སུ་བརྩིས་ནས། ཏང་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་མི་སྣའི་ཐུན་མོང་གི་ལྟ་བ་ལག་བསྟར་བཟང་བོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

གྲོས་མོལ་མཇུག་རྫོགས་རྗེས། ལིས་ཀྲན་ཧྲུའུ་དང་ཅིན་ཡུང་ནན་གཉིས་མཉམ་དུ་ཁྲའོ་ཞན་གྱིས་ཀྲུང་གོའི་ཏང་སྲིད་འཐུས་ཚབ་ཚོགས་པར་དགའ་བསུ་བྱེད་པའི་སྣེ་ལེན་ཚོགས་འདུར་ཞུགས་པར་མ་ཟད། ཁྲའོ་ཞན་ཕྱོགས་ཀྱིས་རྒྱལ་ཁབ་སོ་སོའི་འཐུས་ཚབ་ཚོགས་པ་དང་ཕིང་རང་གི་མང་ཚོགས་ལ་བསྡུས་པའི་གླུ་གར་ཕྱོགས་བསྡུས་འཁྲབ་སྟོན་ལ་བལྟས།

དེའི་སྔོན་དུ། ལིས་ཀྲན་ཧྲུའུ་ཅིན་ཞིག་རི་བོའི་ཉི་མའི་ཕོ་བྲང་དུ་སོང་ནས། ཀྲུའུ་ཞི་ཅིན་རི་ཁྲུན་དང་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་རི་གཉིས་ཀྱི་འབག་སྐུ་ལ་མེ་ཏོག་ཕུལ།

ཚེས་དགུ་ཉིན། ལིས་ཀྲན་ཧྲུའུ་གདན་དྲངས་པ་ལྟར་ཁྲའོ་ཞན་རྒྱལ་ཁབ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ཞུགས་པ་དང་། ཅིན་ཀྲིན་ཨུན་སོགས་ཁྲའོ་ཞན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་ཕིང་རང་གི་ལས་རིགས་སོ་སོའི་མང་ཚོགས་དང་མཉམ་དུ། སྔ་དྲོར་ཅིན་རི་ཁྲུན་ཐང་ཆེན་ནས་བསྡུས་པའི་རྟེན་འབྲེལ་བྱ་འགུལ་ཁྲོམ་སྐོར་ལ་བལྟས་པ་དང་། ཉིན་དེའི་དགོང་མོར་མཉམ་དུ་ཚོགས་པའི་ལུས་སྦྱོང་འཁྲབ་སྟོན་འོད་སྟོང་འབར་བའི་མེས་རྒྱལ་ལ་བལྟས་ནས། མཉམ་དུ་རྒྱལ་སྟོན་དུས་ཆེན་ལ་རོལ། དེའི་རྗེས། ལིས་ཀྲན་ཧྲུའུ་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་གི་ཨུ་ཡོན་ཀྲང་གཞོན་པ་ཚུའེ་ལུང་ཧའེ་ཡིས་ཁྲའོ་ཞན་ཕྱོགས་ཀྱི་ཚབ་བྱས་ཏེ་བསྡུས་པའི་རྒྱལ་སྟོན་སྣེ་ལེན་ཚོགས་འདུར་ཞུགས།

ཚེས་བཅུ་ཉིན་གྱི་སྔ་དྲོར། ལིས་ཀྲན་ཧྲུའུ་ཡིས་ཀྲུང་གོའི་ཏང་སྲིད་འཐུས་ཚབ་ཚོགས་པ་ཁྲིད་དེ་ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་མཐུན་མཆོད་རྟེན་ལ་མཇལ་བ་དང་། མེ་ཏོག་ཕུལ་བར་མ་ཟད་དྲན་འཆར་འགོད་དེབ་སྟེང་ཕྱག་བྲིས་གནང་ནས། མེ་འགོག་ཁྲའོ་རོགས་འཐབ་འཁྲུག་ཁྲོད་རང་སྲོག་བློས་བཏང་བའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས།

ལིས་ཀྲན་ཧྲུའུ་ཡིས་ད་དུང་ཕིང་རང་དགེ་རྒན་སློབ་ཆེན་ལ་ལྟ་སྐོར་བྱས་པ་དང་། དགེ་རྒན་ཚོ་དང་མཛའ་བརྩེའི་གླེང་མོལ་བྱས། ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། དེ་རིང་ནི་ཀྲུང་གོའི་དགེ་རྒན་དུས་ཆེན་ཡིན་པས། ཕིང་རང་དགེ་རྒན་སློབ་ཆེན་གྱི་དགེ་རྒན་རྣམས་ལ་འཚམས་འདྲི་བྱས་པ་ཡིན་ལ། སློབ་གྲྭའི་དགེ་རྒན་ཚོ་ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་བརྩེའི་ཕོ་ཉ་བྱས་ཏེ། ཀྲུང་གོ་དང་ཁྲའོ་ཞན་བར་གྱི་མཛའ་མཐུན་རྒྱུན་སྐྱོང་བར་བྱས་རྗེས་འཇོག་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།