ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་ཁུ་པའི་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་པོའི་ཞོར་དུ་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོའི་འགན་ཁུར་མཁན་པར་ཏི་སི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཚེས་བདུན་ཉིན་ཏུའེ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ཁུ་པའི་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་པོའི་ཞོར་དུ་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོའི་འགན་ཁུར་མཁན་པར་ཏི་སི་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་བསྟན་དོན། ཀྲུང་གོ་དང་ཁུ་པ་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་ལ། ཕན་ཚུན་རོགས་རེས་བྱེད་པའི་གྲོགས་པོ་བཟང་པོ་དང་བློ་མཐུན་བཟང་པོ། སྤུན་ཟླ་བཟང་པོ་ཡིན། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་བརྟན་པ་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་ལ། མི་དམངས་བར་གྱི་མཛའ་བརྩེ་མི་རབས་ནས་མི་རབས་བར་དུ་རྒྱུན་འཛིན་བྱེད་བཞིན་ཡོད། ཀྲུང་གོས་དུས་ནམ་ཡིན་ཡང་ཁུ་པ་དེ་ཕྱི་འབྲེལ་སྲིད་ཇུས་ཀྱི་གོ་གནས་གལ་ཆེན་དུ་འཛིན་བཞིན་ཡོད་ལ། ཀྲུང་གོ་དང་ཁུ་པའི་མཛའ་མཐུན་བྱེད་ཕྱོགས་ལ་འགྱུར་བ་མེད། ལོ་རྒྱུས་ཀྱི་དུས་སྐབས་གསར་པར། ཀྲུང་གོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས་དེང་རབས་ཅན་གྱི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད་ལ། ཁུ་པ་རང་གི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པར་སྔར་བཞིན་རྒྱབ་སྐྱོར་བྱས་ནས། མཉམ་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་འཛུགས་པར་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།

པར་ཏི་སི་ཡིས་བསྟན་དོན། ཁུ་པས་ཁུ་པ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་བརྩེ་ལ་གཅེས་སྤྲས་བྱེད་བཞིན་ཡོད་པ་དང་། ཀྲུང་གོས་དུས་ཡུན་རིང་པོར་ཁུ་པའི་འཛུགས་སྐྲུན་ལས་དོན་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། ཀྲུང་གོའི་བར་གྱི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཁ་པའི་ཏང་དང་སྲིད་གཞུང་གི་འགྱུར་བ་མེད་པའི་སྲིད་ཇུས་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།