ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། གསར་དུ་བཟོ་བཅོས་བྱས་པའི་མི་སྒེར་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་བྱེད་ཐབས་ཆ་ཚང་དངོས་འབེབས་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་རྒྱུ་གཏན་འཁེལ་བྱས་ཤིང་། སྲིད་ཇུས་འཐུས་ཚང་དུ་བཏང་སྟེ་གསར་སྐྲུན་དངུལ་གཏོང་ཐེབས་རྩའི་ཁྲལ་མི་འཕར་བར་འགན་སྲུང་བྱེད་རྒྱུ་ཐག་བཅད་པ་དང་། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་རིམ་འཕར་པར་གཞི་གསར་སྐྲུན་བྱས་ཏེ་ལས་ཞུགས་ནུས་པ་དང་ཚན་རྩལ་གསར་སྐྲུན་ནུས་པ། ཐོན་ལས་འཕེལ་རྒྱས་གསོན་ཤུགས་ཇེ་ཆེར་གཏོང་བར་བཀོད་སྒྲིག་བྱས་པར་མ་ཟད། ཆེད་ཁེ་ཚབ་བྱེད་སྲོལ་ཡིག་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།