ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཝུའུ་ཀན་ཏའི་ཙུང་ཐུང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་པའི་ཚེས་དྲུག་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཏུའེ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ཝུའུ་ཀན་ཏའི་ཙུང་ཐུང་མུའུ་སའེ་ཝེ་ཉི་ལ་མཇལ་འཕྲད་གནང་།

ཝང་དབྱང་གིས་གསུངས་རྒྱུར། ཀྲུང་གོ་དང་ཝུའུ་ཀན་ཏ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་ཧ་ཅང་ཟབ། ཉེ་བའི་ལོ་འགའི་རིང་། ཀྲུང་གོ་དང་ཝུའུ་ཀན་ཏ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་ཧ་ཅང་མགྱོགས་ལ། ཆབ་སྲིད་ཡིད་རྟོན་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་སོང་། 2013ལོའི་ཚུན་དུ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོ་ཐེངས་ལྔར་མཇལ་འཕྲད་གནང་བ་དང་། དེས་ཀྲུང་གོ་དང་ཝུའུ་ཀན་ཏའི་འབྲེལ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་ཁྲོད་ཀྱི་དམིགས་བསལ་གྱི་གལ་ཆེན་རང་བཞིན་མཚོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེ་རིང་ཡང་བསྐྱར་སྐུ་ཞབས་ཙུང་ཐུང་དང་མཇལ་འཕྲད་གནང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ཐད་ནས་ཐུན་མོང་གི་ལྟ་བ་གསར་བ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཀན་ཏ་དང་མཉམ་དུ་འབད་འཐབ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་ཐུན་མོང་གི་ལྟ་བ་གལ་ཆེན་དང་མཐོ་རིམ་གླེང་སྟེགས་ཀྱི་གྲུབ་འབྲས་ལག་བསྟར་བཟང་བོ་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པར་ཤུགས་སྣོན་པ། ཝུའུ་ཀན་ཏར་རོགས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ལ་བཀག་འགོག་བྱེད་པའི་གནད་དོན་ཐག་བཅད་དེ། ཀྲུང་གོ་དང་ཝུའུ་ཀན་ཏའི་མཉམ་ལས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མུའུ་སའེ་ཝེ་ཉི་ཡིས་ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་ཨ་ཧྥེ་རི་ཁ་ལ་རྒྱབ་སྐྱོར་བརྟན་པོ་དང་རོགས་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས་པ་དང་།  ཨ་ཧྥེ་རི་ཁས་ཚོང་རའི་འཛུགས་སྐྲུན་ལ་གཅིག་གྱུར་བྱེད་པ་དང་ཝུའུ་ཀན་ཏའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་སོགས་ཕྱོགས་ནས་ཀྲུང་གོའི་ཉམས་མྱོང་ལ་དཔེ་བལྟ་བྱེད་པ་དང་། ཝུའུ་ཀན་ཏ་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་དང་རྨང་གཞིའི་སྒྲིག་ཆས། བཟོ་ལས་ར་བའི་ཁུལ། ཞིང་ལས་ཐོན་རྫས་ལས་སྣོན་སོགས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

པཱ་ཐིར་མཇལ་འཕྲད་ལ་ཞུགས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།