ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ལེ་སོ་ཐོའི་དབུ་བཞུགས་བློན་ཆེན་ཐ་པ་ནེ་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལེ་སོ་ཐོའི་དབུ་བཞུགས་བློན་ཆེན་ཐ་པ་ནེ་དང་གྲོས་མོལ་མཛད།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ལེ་སོ་ཐོ་ཡིས་ནམ་ཡང་ཕན་ཚུན་ལ་བརྩི་འཇོག་བྱེད་པ་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་རྒྱལ་ཁབ་ཆེ་ཆུང་གང་རུང་བར་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་དུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལེ་སོ་ཐོ་དང་མཉམ་དུ་མུ་མཐུད་ནས་གཉིས་ཕན་མཉམ་རྒྱལ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཉོ་ཚོང་དང་དངུལ་གཏོང་མཉམ་ལས་རྒྱ་བསྐྱེད་པ་དང་ནུས་ཁུངས་དང་ཞིང་ལས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པར་མ་ཟད། རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་དུ་འབྲེལ་འདྲིས་དང་གཞོགས་འདེགས་དམ་པོ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་ཕྱོགས་མང་རིང་ལུགས་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་རང་མོས་ཉོ་ཚོང་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

ཐ་པ་ནེ་ཡིས་བཤད་རྒྱུར། ལེ་སོ་ཐོ་ཡིས་ཀྲུང་གོའི་མཛའ་མཐུན་མཉམ་ལས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་ཀྲུང་གོས་བླངས་པའི་འཕེལ་རྒྱས་གྲུབ་འབྲས་ལ་ཡིད་སྨོན་བྱེད་ཀྱིན་ཡོད། ལེ་སོ་ཐོ་ཡིས་མུ་མཐུད་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།