ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལི་ཅི་ཡིས་ཐན་ཙན་ནི་ཡའི་ཙུང་ལི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་པའི་ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་ཏུའེ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ཐན་ཙན་ནི་ཡའི་ཙུང་ལི་མཱ་ཅཱ་ལིས་ཝ་ལ་མཇལ་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་ཚེས་དྲུག་ཉིན་ཏུའེ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ཐན་ཙན་ནི་ཡའི་ཙུང་ལི་མཱ་ཅཱ་ལིས་ཝ་ལ་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཐན་ཙན་ནི་ཡའི་སྲོལ་རྒྱུན་གྱི་མཛའ་བརྩེ་ཧ་ཅང་སྲ་བརྟན་ཡིན་པ་དང་། ཆབ་སྲིད་ཀྱི་ཡིད་རྟོན་བརྟན་པོ་ཡིན་ལ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་བརྟན་བརླིང་ངང་སྤེལ་བཞིན་པའི་སྒང་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ལི་གཉིས་ཀྱིས་གྲུབ་འབྲས་ལྡན་པའི་མཇལ་འཕྲད་གནང་ནས། ཀྲུང་གོ་དང་ཐན་ཙན་ནི་ཡའི་གཉིས་ཕན་མཉམ་རྒྱལ་གྱི་ཁྱོན་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་དམིགས་བསལ་གྱི་གོ་གནས་གལ་ཆེན་ཞིག་ཏུ་བཞག་ཡོད་པ་དང་། ཐན་ཙན་ནི་ཡ་ཕྱོགས་དང་མཉམ་དུ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིན་མཐོ་རིམ་གླེང་སྟེགས་ཀྱི་གྲུབ་འབྲས་ལག་བསྟར་བྱེད་རྒྱུ་དེ་གོ་སྐབས་སུ་བརྩིས་ནས། རྒྱལ་ཁབ་གཉིས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བརྗེ་རེས་མཉམ་ལས་དེ་དུས་རབས་གསར་བའི་ནང་ཆུ་ཚད་སྔར་ལས་མཐོན་པོར་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མཱ་ཅཱ་ལིས་ཝ་ཡིས་བསྟན་དོན། ཐེངས་འདིའི་མཐོ་རིམ་གླེང་སྟེགས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་དང་། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་འབད་འཐབ་བྱས་ནས། བཅོས་སྒྱུར་འཕེལ་རྒྱས་དང་མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་མཚོན་ཡོད། ཀྲུང་གོ་ནི་ཐན་ཙན་ནི་ཡའི་ཡིད་རྟོན་བྱེད་ཆོག་པའི་སྤུན་ཟླ་བཟང་བོ་ཡིན་པ་དང་། ཐན་ཙན་ནི་ཡས་ཀྲུང་གོ་ཕྱོགས་ཀྱི་རྒྱལ་སྐྱོང་སྲིད་འཛིན་དང་དབུལ་ཕོངས་མི་གྲངས་ཇེ་ཉུང་དུ་གཏོང་བ་དང་འཕེལ་རྒྱས་སུ་གཏོང་བའི་ཉམས་མྱོང་བཟང་བོར་སློབ་སྦྱོང་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཐན་ཙན་ནི་ཡ་དང་ཀྲུང་གོའི་འབྲེལ་བ་དེ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བའི་དཔེ་མཚོན་དུ་བསྒྱུར་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།